Search:
TermEnglish DefinitionTibetan Definition
Agonist ༡) མཐུན་པའི་ཤ་སྒྲིམ། ༢) མཐུན་རྫས། biol.
agnosticism མི་ཤེས་སྨྲ་བའི་རིང་ལུགས། phil. An intellectual doctrine or attitude affirming the uncertainty of all claims to ultimate knowledge. མཐར་ཐུག་གི་བདེན་པའི་སྐོར་གྱི་གཏན་ཚིགས་ཐམས་ཅད་ནི་ངེས་མེད་ཀྱི་རང་བཞིན་ཅན་ཡིན་པར་སྒྲུབ་པའི་ཤེས་ཡོན་གྱི་ལྟ་བའམ་འདོད་ཚུལ་ཞིག
Agnosia འདུ་ཤེས་ཉམས་སྐྱོན། neurosci.
Agnathan མགལ་མེད། biol.
Aggressive behavior རྩུབ་སྤྱོད། གཏུམ་སྤྱོད། Psy.
aggression དྲག་ཤུལ། དྲག་ཤུལ་གྱི་ཉམས། དྲག་ཤུལ་གྱི་སེམས། neurosci. Aggression is physical or verbal behavior that is threatening, destructive, or intended to harm. Aggression is a fundamental component of social behavior, essential to drive fulfillment and survival. དྲག་ཤུལ་ནི་འཇིགས་སྐུལ་ཅན་ནམ། གནོད་འཚེ་ཅན། ཡང་ན་གནོད་འཚེའི་འདུན་པ་ཡོད་པའི་ལུས་སམ་ངག་གི་ཉམས་ལ་ཟེར། དྲག་ཤུལ་ནི་སྤྱི་ཚོགས་གཤིས་སྤྱོད་ཀྱི་གཞི་རྩའི་གྲུབ་ཆ་ཞིག་ཡིན་པ་དང་། དགོས་དོན་ལེགས་སྒྲུབ་དང་འཚོ་གནས་ལ་མེད་དུ་མི་རུང་བ་ཡིན།
aggregation འདུས་གསོག neurosci.
Agglutination འགོག་སྐྱེད་འདུ་འབྱར། biol. [འགོག་གཟུགས་དང་འགོག་ཟུངས་སྐྱེད་རྫས་གཉིས་འདུ་འབྱར་བྱེད་པའི་རིམ་པ།]
agents of disease ནད་ཀྱི་རྐྱེན། ནད་ཀྱི་བཞོན་རྟ། biol.
Agent བྱེད་པོ།
Agency བྱ་བ། རྩོལ་བ། ནུས་པ།
age-sex structure ལོ་མཚན་ཆ་བཀོད། biol. The composition of a population as determined by the number or proportion of males and females in each age category. ལོ་ཚོད་ཀྱི་སྡེ་ཚན་རེ་རེའི་ནང་དུ་ཡོད་པའི་ཕོ་མོའི་གྲངས་འབོར་རམ་བསྡུར་ཚད་ལ་བརྟེན་ནས་ཐག་བཅད་པའི་མི་འབོར་གྱི་གྲུབ་ཆ་ལ་གོ
Age of Reason རིགས་འདེད་དུས་རབས། phil. A movement in Europe from about 1650 until 1800 that advocated the use of reason and individualism instead of tradition and established doctrine. ཡུ་རོབ་ཏུ་ཕྱི་ལོ་ ༡༦༥༠ ནས་ ༡༨༠༠ བར་གྱི་དུས་ཚིགས་ཏེ། སྲོལ་རྒྱུན་དང་རྐང་ཚུགས་པའི་གྲུབ་མཐའི་ལྟ་བའི་ཚབ་ཏུ་རྒྱུ་མཚན་དང་མི་སྒེར་རིང་ལུགས་བེད་སྤྱོད་བྱེད་པ་གཙིགས་སུ་བཟུང་བའི་ལས་འགུལ་ཞིག
Age of Enlightenment རིགས་སད་དུས་རབས། phil. An intellectual and scientific movement of 18th century Europe which was characterized by a rational and scientific approach to religious, social, political, and economic issues. Examples: The Age of Enlightenment led directly to the American Revolution and French Revolution and strongly influenced the Industrial Revolution. དུས་རབས་བཅོ་བརྒྱད་པའི་ནང་གི་ཡུ་རོབ་ཀྱི་ཤེས་ཡོན་དང་ཚན་རིག་གི་ལས་འགུལ་ཞིག་སྟེ། ཆོས་ལུགས་དང་། སྤྱི་ཚོགས། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་གནད་དོན་ལ་རྒྱུ་མཚན་ལྡན་ཞིང་ཚན་རིག་དང་མཐུན་པའི་ཐབས་ལམ་བེད་སྤྱོད་བྱས། དཔེར་ན། རིགས་སད་དུས་རབས་ཀྱིས་ཐད་ཀར་ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ཆེན་མོ་བྱུང་དུ་བཅུག་ཡོད་པ་མ་ཟད། བཟོ་ལས་གསར་བརྗེ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་ཡོད།
agarose gel ཨ་གྷར་རྩི། biol.