Search:
TermEnglish DefinitionTibetan Definition
abstract concepts སྤྱི་མཚན་རྟོག་འཆར། phil.
abstract ༡. རྟོག་འཆར། རྟོག་སྣང་། སྤྱི་མཚན། ༢. སྙིང་དོན། phil. 1. Existing in thought or as an idea but not having a physical or concrete existence. 2. In scientific literature, the brief summary of the main ideas of an article, usually given at the very beginning. ༡. བསམ་གཞིག་ཏུ་གནས་པའམ་བསམ་བློའི་ཚུལ་དུ་གནས་པ་ལས་གཟུགས་ཅན་ནམ་དངོས་ཡོད་ཀྱི་ངོ་བོར་མི་གནས་བ་ཞིག་ལ་གོ ༢. ཚན་རིག་གི་བསྟན་བཅོས་ནང་དུ་རྩོམ་ཡིག་ཅིག་གི་བརྗོད་བྱ་གཙོ་བའི་སྙིང་དོན་ལ་གོ་ཞིང་། སྤྱིར་བཏང་རྩོམ་ཡིག་གི་འགོ་རུ་འགོད།
absorptivity ཐིམ་ནུས། phys. Symbol α. The ratio of the radiant or luminous flux absorbed by a body to the flux falling on it. Formerly called absorptivity, the absorptance of a *black body is by definition 1. དངོས་གཟུགས་ཤིག་ཏུ་ཐིམ་པའི་འོད་དང་དེའི་ཐོག་ཏུ་ཕོག་པའི་འོད་ཀྱི་བསྡུར་ཚད། རྟགས་ α ཡིས་མཚོན། ནག་གཟུགས་ཀྱི་ཐིམ་ནུས་ནི་ ༡ ཡིན།
absorption spectrum བསྡུ་ཤལ། (བསྡུས་པའི་འོད་ཤལ།) phys. Continuous spectrum, like that generated by white light, interrupted by dark lines or bands that result from the absorption of light of certain frequencies by a substance through which the light passes. འོད་དཀར་པོ་ལ་བརྟེན་ནས་གྲུབ་པའི་འོད་ཤལ་ལྟར་མཚམས་མ་ཆད་པར་ཡོད་མོད། འོད་ཟེར་རྒྱུ་སའི་དངོས་པོ་དེས་ཟློས་ཕྱོད་ངེས་ཅན་ཞིག་འཇིབ་པ་ལ་བརྟེན་ནས་མཚམས་མཚམས་སུ་ཐིག་ནག་པོའམ་ཁྲ་ཐིག་ཡོད་པའི་མུ་མཐུད་པའི་འོད་ཤལ་ཞིག
absorption line བསྡུ་ཐིག phys. Dark lines that appear in an absorption spectrum. The pattern of lines is unique for each element. ཐིམ་པའི་འོད་ཤལ་གྱི་ནང་དུ་མངོན་པའི་ཐིག་ནག་པོ་དག་ལ་གོ ཁམས་རྫས་མི་འདྲ་བར་བསྡུ་ཐིག་གི་བཀོད་རིས་མི་འདྲ་བ་ཡོད།
absorption སིམ་ཞུགས། phys. 1. The take-up of a gas by a solid or liquid, or the take-up of a liquid by a solid. 2. The conversion of the energy of electromagnetic radiation, sound, streams of particles, etc. into other forms of energy on passing through a medium. A beam of light, for instance, passing through a medium, may lose intensity of photons by atoms or molecules in the medium. ༡ སྲ་གཟུགས་སམ་གཤེར་གཟུགས་ཀྱི་ནང་དུ་རླངས་གཟུགས་ཤིག་སིམ་པའམ། ཡང་ན། སྲ་གཟུགས་སུ་གཤེར་གཟུགས་ཐིམ་པ། ༢ བརྒྱུད་ལམ་ཞིག་བརྒྱུད་ནས་འགྲོ་སྐབས་གློག་ཁབ་ལེན་གྱི་འགྱེད་འཕྲོ་དང་། སྒྲ། རྡུལ་གྱི་རྒྱུན་བཅས་ཀྱི་ནུས་པ་སོགས་ནུས་པ་གཞན་གྱི་ངོ་བོར་འགྱུར་བ། དཔེར་ན། འོད་ཀྱི་འཕྲོ་ཟེར་ཞིག་བརྒྱུད་ལམ་ཞིག་བརྒྱུད་ནས་འཕྲོ་སྐབས་བརྒྱུད་ལམ་དེ་རུ་ཡོད་པའི་རྡུལ་ཕྲན་ནམ་འདུས་རྡུལ་ལ་བརྟེན་ནས་འོད་རྡུལ་གྱི་དྲག་ཚད་བརླག་འགྲོ་བ་ཡིན།
Absorptance ཐིམ་ཚད། phys.
absorb སིམ་པ། ཐིམ་པ། འཇིབ་པ།
absolutist ཚུགས་ཐུབ་རིང་ལུགས་པ། phil. A person who holds absolute principles in political, philosophical, or theological matters. ཆབ་སྲིད་དམ། ལྟ་གྲུབ། ཡང་ན་ཆོས་ལུགས་ཀྱི་གནད་དོན་ཐད་ལ་ཚུགས་ཐུབ་ཀྱི་རྩ་འཛིན་ཡོད་པར་འདོད་མཁན་གྱི་གང་ཟག
absolutism ཚུགས་ཐུབ་རིང་ལུགས། phil. The acceptance of or belief in absolute principles in political, philosophical, ethical, or theological matters. ཆབ་སྲིད་དམ། ལྟ་གྲུབ། བཟང་སྤྱོད། ཡང་ན་ཆོས་ལུགས་ཀྱི་གནད་དོན་ཐད་ལ་ཚུགས་ཐུབ་ཀྱི་རྩ་འཛིན་ཡོད་པའི་ཁས་ལེན་ནམ་ཡིད་ཆེས།
absolute zero ཚུགས་ཐུབ་ཀླད་ཀོར། phys. Lowest possible temperature that any substance can have; the temperature at which the atoms of a substance have their minimum kinetic energy. The temperature of absolute zero is -273.15ºC, which is -459.7ºF and 0 K. དངོས་རྫས་ཤིག་ལ་ཡོད་སྲིད་པའི་དྲོད་ཚད་དམའ་ཤོས་ཡིན་པ་དང་། དྲོད་ཚད་འདིའི་སྐབས་སུ་དངོས་རྫས་དེའི་རྡུལ་ཕྲན་ལ་འགུལ་སྐྱོད་ནུས་པ་ཉུང་ཤོས་དེ་ཡོད། ཚུགས་ཐུབ་ཀླད་ཀོར་གྱི་དྲོད་ཚད་ནི་ -273.15°C ཡིན་པ་དང་། དེ་ནི་ -459.7°F དང་ 0 K བཅས་ཀྱང་ཡིན།
absolute value ཚུགས་ཐུབ་རིན་ཐང། phys. A positive number that has the same magnitude as a given number. Thus, the absolute value of 6 is 6, and the absolute value of –6 is 6. The absolute value of a number a is written using the notation |a|. གྲངས་ཀ་ངེས་ཅན་ཞིག་གི་འབོར་ཚད་དང་མཉམ་པའི་ཕོ་གྲངས་དེ་ལ་གོ དེར་བརྟེན། 6 གི་ཚུགས་ཐུབ་རིན་ཐང་ནི་ 6 དང་། -6 གི་ཚུགས་ཐུབ་རིན་ཐང་ནི་ 6 རེད། གྲངས་ཀ་ a ཡི་ཚུགས་ཐུབ་རིན་ཐང་ནི་མཚོན་རྟགས་ |a| སྤྱད་དེ་འབྲི།
absolute time ཚུགས་ཐུབ་ཀྱི་དུས། phys. Time that exists independently of any events or processes in the universe. Like absolute space, absolute time is a basic concept in Newtonian physics. འཇིག་རྟེན་ཁམས་ཀྱི་བྱུང་བ་དང་རྒྱུད་རིམ་གང་རུང་དང་འབྲེལ་མེད་རང་དབང་གི་སྒོ་ནས་ཡོད་པའི་དུས་ལ་གོ་ཞིང་། ཚུགས་ཐུབ་ཀྱི་བར་སྣང་དང་མཚུངས་པར་ཚུགས་ཐུབ་ཀྱི་དུས་ནི་ནེའུ་ཊོན་ལུགས་ཀྱི་དངོས་ཁམས་ཚན་རིག་ནང་གི་གཞི་རྩའི་ལྟ་ཚུལ་ཞིག་ཡིན།
absolute speed ཚུགས་ཐུབ་མགྱོགས་ཚད། phys.
Absolute space ཚུགས་ཐུབ་ནམ་མཁའ། phys.