| aconite བཙན་དུག | biol. The dried poisonous tuberous root of a common monkshood used especially formerly for its medicinal properties (as in relieving pain) | སྤྱིར་བཏང་གི་བོང་ང་ནག་པོའི་དུག་ཅན་གྱི་རྩ་བ་སྐམ་པོར་བཟོས་པ་དེ་ལ་གོ་ཞིང་། སྔོན་ཆད་སྨན་གྱི་ཁྱད་ཆོས་ (ན་ཟུག་འཇོམས་པ་) ལ་བརྟེན་ནས་བེད་སྤྱོད་བཏང་ཡོད། |
| aconitase ཨེ་ཁོ་ནི་སྨིན་རྫས། | chem. An enzyme that catalyzes the transformation of citric acid into cis-aconitic acid and isocitric acid. | སི་ཊིག་སྐྱུར་རྫས་དེ་སེ་སི་ཨེ་ཁོ་ནི་ཊིག་སྐྱུར་རྫས་དང་ཨེ་སོ་སི་ཊིག་སྐྱུར་རྫས་སུ་བསྒྱུར་བར་སྐུལ་རྐྱེན་བྱེད་མཁན་གྱི་སྨིན་རྫས་ཤིག |
| Acidophile སྐྱུར་སྐྱེས། | Biol. | (སྐྱུར་གནས་སྐྱེ་དངོས།) |
| acidity སྐྱུར་ཤེད། | chem. The level of acid in substances such as water, soil, or wine. | ཆུའམ། སའམ། རྒུན་ཆང་ལྟ་བུའི་དངོས་རྫས་ཀྱི་ནང་དུ་ཡོད་པའི་སྐྱུར་རྫས་ཀྱི་ཚད་གཞི་ལ་གོ |
| Acidic salt སྐྱུར་ཤས་ཆེ་བའི་ཚྭ། | chem. | |
| Acidic hydrogen སྐྱུར་ལྡན་ཡང་རླུང་། | chem. | |
| Acid value སྐྱུར་རྫས་ཚད་གཞི། | chem. | |
| Acid salt སྐྱུར་ཚྭ། | chem. | |
| Acid rock སྐྱུར་རྡོ། | chem. | |
| acid rain སྐྱུར་ཆར། | chem. Rain containing high levels of acid, esp sulphuric and nitric acid, caused by the release of pollution from burning fuel into the atmosphere. | སྐྱུར་རྫས་སྤྱི་དང་བྱེ་བྲག་ཏུ་མུ་ཟིའི་སྐྱུར་རྫས་དང་ཟེ་ཚྭའི་སྐྱུར་རྫས་ཀྱི་འདུས་ཚད་མཐོ་བའི་ཆར་པ་ལ་གོ་ཞིང་། བུད་རྫས་མེར་བསྲེགས་པའི་འབགས་བཙོག་དེ་རླུང་ཁམས་སུ་གློད་པ་ལ་བརྟེན་ནས་བྱུང། |
| acid སྐྱུར་རྫས། | chem. Any of a class of substances whose aqueous solutions are characterized by a sour taste, the ability to turn blue litmus red, and the ability to react with bases and certain metals to form salts. | ཆུ་རྟེན་བཞུ་ཁུའི་གནས་སྐབས་སུ་སྐྱུར་བྲོ་ཞིང་། རམས་ཚོས་སྔོན་པོ་དེ་དམར་པོར་བཟོ་བའི་ནུས་པ་དང་ལྡན་ལ། བུལ་རྫས་དང་ལྕགས་རིག་ཁག་ཅིག་དང་འདྲེས་སྦྱོར་བྱས་ཏེ་ཚྭ་འགྲུབ་པར་བྱེད་པའི་ནུས་པ་དང་ལྡན་པའི་བེམ་རྫས་ཀྱི་སྡེ་ཚན་ཞིག |
| achromatic lens འདུམ་ཤེལ། (འདུམ་པར་བྱེད་མཁན་གྱི་ཤེལ།) | phys. A two-element lens – a doublet – that greatly reduces chromatic aberration in an optical system. | མཐོང་རིག་ཡོ་ཆས་ཀྱི་མ་ལག་ཅིག་གི་མདོག་འཁྲུག་རང་བཞིན་ཚད་མཐོན་པོའི་སྒོ་ནས་ཇེ་ཉུང་དུ་གཏོང་ཐུབ་པའི་གྲུབ་ཆ་གཉིས་ལྡན་གྱི་ཤེལ་ཏེ། དྭངས་ཤེལ་གཉིས་ལྡན་ཞིག |
| Achene ཁ་ཟུམ་ས་བོན། | biol. | |
| acetylcholinesterase ཨེ་སི་ཊིལ་ཁོ་ལི་ནེ་སི་ཊེ་རེ་སི་སྨིན་རྫས། | chem. An ENZYME that rapidly inactivates ACETYLCHOLINE by breaking it down to acetic acid and choline. Also known as cholinesterase. | ཨེ་སི་ཊིལ་ཁོ་ལིན་དེ་ཨེ་སི་ཊིག་སྐྱུར་རྫས་དང་ཁོ་ལིན་གཉིས་སུ་དུམ་བུར་བསལ་ནས་མགྱོགས་པོར་ཞི་བར་བྱེད་མཁན་གྱི་སྨིན་རྫས་ཤིག འདི་ལ་ཁོ་ལི་ནེ་སི་ཊེ་རེ་སི་རྨེན་རྫས་ཀྱང་ཟེར། |
| acetylcholine receptor ཨེ་སི་ཊིལ་ཁོ་ལིན་སྣེ་ལེན་པ། | neurosci. An ion channel that opens when acetylcholine binds to it, so converting chemical diffusion into an electrical signal. Also known as the nicotinic acetylcholine receptor. | ཨེ་སི་ཊིལ་ཁོ་ལིན་འཆིང་སྡོམ་བྱེད་སྐབས་སུ་རང་ཉིད་ཁ་འབྱེད་པ་ལ་བརྟེན་ནས། རྫས་ཀྱི་ཁྱབ་འགྱེད་དེ་གློག་འབྲེལ་བརྡ་འཕྲིན་དུ་སྒྱུར་བར་བྱེད་པའི་གྱེས་རྡུལ་གྱི་རྒྱུ་ལམ་ཞིག་ལ་ཟེར་ཞིང་། ནི་ཁོ་ཊི་ནིག་ཨེ་སི་ཊིལ་ཁོ་ལིན་སྣེ་ལེན་པའང་ཟེར། |