Search:
TermEnglish DefinitionTibetan Definition
active site སྐྱེན་ས། biol. Part of an enzyme molecule in its natural hydrated state which, by its three-dimensional conformation and charge distribution, confers upon the enzyme its substrate specificity. It binds to a substrate molecule, forming a transient enzyme-substrate complex. ཆུ་རྡུལ་དང་ལྷན་དུ་རང་བྱུང་གི་ངོ་བོར་ཡོད་སྐབས་ཀྱི་སྨིན་རྫས་འདུས་རྡུལ་ཞིག་གི་ཆ་ཤས་ཤིག་སྟེ། དེའི་ཕྱོགས་ཆ་གསུམ་ལྡན་གྱི་ཆགས་དབྱིབས་དང་གློག་ཁུར་གྱི་བཀྲམ་ཚུལ་ལ་བརྟེན་ནས་གཞི་རྫས་ངེས་ཅན་ལ་འབྱར་བའི་ཁྱད་ཆོས་དེ་སྤྲོད་ཀྱི་ཡོད། སྐྱེན་ས་དེ་གཞི་རྫས་ལ་འབྱར་ཏེ་སྨིན་རྫས་དང་གཞི་རྫས་འདུས་པའི་གོང་བུ་ཞིག་འགྲུབ་པར་བྱེད།
Active neurons ཧུར་རྩ་ཕྲ་གཟུགས། neurosci. [དབང་རྩ་ཕྲ་གཟུགས་ཧུར་པོ།]
Active learning ཧུར་སྦྱོང་། (མཉམ་སྒྲུབ་ཤེས་སྦྱོང་། བཤད་སྦྱངས་ཤེས་སྦྱོང་།) pedagogy
active immunity རང་སྐྱེད་ནད་འགོག biol. The immunity which results from the production of antibodies by the immune system in response to the presence of an antigen. འགོག་ཟུངས་སྐྱེད་རྫས་ཤིག་མངོན་པའི་ཡ་ལན་དུ་ནད་འགོག་མ་ལག་གིས་འགོག་གཟུགས་སྐྱེད་སྐྲུན་བྱེད་པ་ལ་བརྟེན་ནས་བྱུང་བའི་ནད་འགོག་ལ་གོ
Active game མཉམ་ཞུགས་རྩེད་མོ། SEE Learning
active galactic nuclei (AGN) ལས་ཞུགས་དགུ་ཚིགས་ལྟེ་ཉིང་། phys. Zone in the central region of some galaxies where a mass of up to 100 million times that of the Sun is concentrated, emitting large and variable amounts of radiation. About one per cent of galaxies probably house an AGN. ཉི་མ་ལས་གདོས་ཚད་ལྡབ་ས་ཡ་ ༡༠༠ ཙམ་གྱིས་ཆེ་བའི་གདོས་ཚད་འདུས་ཤིང་། ཕོན་ཆེ་ཞིང་འགྱུར་གཤིས་ཅན་གྱི་འགྱེད་འཕྲོ་ཕྱིར་འཕྲོ་བར་བྱེད་པའི་དགུ་ཚིགས་ཁག་ཅིག་གི་ལྟེ་ཁུལ་ལ་གོ དགུ་ཚིགས་བརྒྱ་ཆ་གཅིག་ཙམ་ཞིག་ལ་ཕལ་ཆེར་ལས་ཞུགས་དགུ་ཚིགས་ལྟེ་ཉིང་ཞིག་ཡོད་པ་ཡིན།
Active control ལས་འཇུག་ཚོད་འཛིན། Research [བྱེད་ལས་གཞན་ལ་དངོས་སུ་འཇུག་པའི་ཚོད་འཛིན་རུ་ཁག]
Active channel གཞན་འཁྱེར་རྒྱུ་ལམ། biol.
active ཧུར་པོ། neurosci. Engaged in action or activity; characterized by energetic work, motion, etc བྱ་བའམ་བྱེད་སྒོར་ཞུགས་པ་སྟེ། ནུས་ཤུགས་ཅན་གྱི་ལས་ཀའམ་འགུལ་སྐྱོད་ལ་སོགས་པས་མཚོན།
active བྱ་བར་ཞུགས་པ། neurosci. Functioning or capable of functioning. བྱེད་ལས་སྒྲུབ་བཞིན་པའམ་བྱེད་ལས་སྒྲུབ་པའི་ནུས་པ་དང་ལྡན་པ།
Activator སད་བྱེད། Biol.
activation-association-redistribution process སད་སྦྲེལ་བསྐྱར་འགྲེམས་གསུམ་གྱི་བརྒྱུད་རིམ། Neurosci.
activation energy སད་སློང་ནུས་པ། chem. The least amount of energy needed for a chemical reaction to occur. རྫས་སྦྱོར་ཞིག་འབྱུང་བར་མཁོ་བའི་མ་མཐའི་ནུས་པ་དེ་ལ་གོ
activation སད་སློང། བྱེད་ལས་ནུས་སྤར། (སྲིན་འབུ་ལངས་པ།) neurosci. The action or process of making something active or operative. གྲུང་པོའམ་བྱེད་ལས་ཅན་དུ་སྒྱུར་བའི་བྱ་བའམ་རྒྱུད་རིམ།
action potential propagation ལས་རུང་སྟོབས་འགྲོས། biol.