| suction cup རྔུབ་འཐེན་ཕོར་པ། | phys. A cup-shaped device, usually of plastic or rubber, designed to adhere to a flat surface by means of suction. | འགྱིག་རིགས་ཀྱིས་གྲུབ་ཅིང་རྔུབ་འཐེན་ལ་བརྟེན་ནས་སྙོམས་ངོས་ཤིག་ལ་འབྱར་བར་བྱེད་པའི་ཕོར་པའི་དབྱིབས་ཀྱི་ཡོ་ཆས་ཤིག |
| sucrose སུག་མངར། (སུ་ཁུ་མངར་རྫས།) | chem. A compound which is the chief component of cane or beet sugar. | ཉུང་དམར་གྱི་མངར་རྫས་སམ་བུར་ཤིང་གི་མངར་རྫས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་འདུས་རྫས་ཤིག |
| Sucrase སུག་འབྱེད་སྨིན་རྫས། | biol. | |
| succinyl-CoA synthetase སག་སི་ནིལ་ ཁོ་ཨེ་ སྡུད་རྫས། | biol. | |
| succinyl-CoA སྨིན་གྲོགས་ ཨེ། (སི་ནེལ་ ཁོ་ཨེ) | biol. | |
| succinate dehydrogenase སི་ནིག་ཡང་འཕྲལ་སྨིན་རྫས། | biol. A key enzyme in the citric acid cycle catalyzing the oxidation of succinic acid to fumaric acid. | སི་སྐྱུར་འཁོར་རྒྱུན་ནང་གི་སྨིན་རྫས་གཙོ་བོ་ཞིག་སྟེ། སི་ནིག་སྐྱུར་རྫས་ལ་འཚོ་རླུང་སྡེབ་སྦྱོར་གྱི་སྐུལ་རྐྱེན་བྱས་ཏེ་ཕུམ་སྐྱུར་དུ་སྒྱུར་མཁན་སྨིན་རྫས། |
| succinate སི་ནིག་སྐྱུར་ཚྭ། | chem. A salt or ester of succinic acid. | སི་ནིག་སྐྱུར་རྫས་ཀྱི་ཚྭའམ་སྐྱུར་ཚིལ་ཞིག |
| subtractive secondary color འཕྲི་གྲུབ་ཡན་ལག་ཁ་དོག | phys. | |
| subtractive primary color འཕྲི་གྲུབ་གཞི་མདོག | phys. The three colors of light-absorbing pigments- magenta, yellow, and cyan- that when mixed in certain proportions will reflect any color in the spectrum. | འོད་ཟེར་འཇིབ་པའི་ཚོན་རྫས་གསུམ་སྟེ་དམར་སྐྱ་དང་། སེར་པོ། སྔོ་སྐྱ་བཅས་སོ། འདི་དག་བསྡུར་ཚད་ངེས་ཅན་དུ་བསྲེས་ཚེ་འོད་ཤལ་གྱི་ཁ་དོག་གང་ཡང་རུང་བ་ལྡོག་འཕྲོ་བྱེད་ཐུབ། |
| subtidal zone དུས་རླབས་འོག་ཁུལ། | biol. Zone in sea or ocean extending from low-tide mark to edge of continental shelf. | དུས་རླབས་དམའ་བའི་མཚམས་ནས་གླིང་ཆེན་གྱི་བང་ཁའི་དབར་དུ་བརྐྱངས་པའི་མཚོའམ་རྒྱ་མཚོའི་ཁུལ་དེ་ལ་གོ |
| Subthreshold responses ཐེམ་འོག་ཡ་ལན། | neurosci. | [ཐེམ་མཚམས་འོག་གི་སྐུལ་རྐྱེན་ལ་སྤྲོད་པའི་ཡ་ལན།] |
| subthalamic nucleus ཀླད་སྦུག་ཞབས་མདོ། སྦུག་ཞབས་གོང་བུ། | neurosci. Part of the basal ganglia, the subthalamic nucleus is found in the diencephalon. It receives input from the striatum and helps to modulate motor behavior. | ཞབས་གནས་རྩ་འདུས་ཀྱི་ཆ་ཤས་ཡིན་པའི་ཀླད་སྦུག་ཞབས་མདོ་ནི་བར་ཀླད་ཀྱི་ནང་དུ་ཡོད། དེ་ཡིས་ལྷན་ཤུན་ནས་ཆ་འཕྲིན་ལེན་པ་དང། འགུལ་སྐྱོད་ཀྱི་རྣམ་པ་སྙོམ་སྒྲིག་ལ་རམ་འདེགས་བྱེད། |
| substrate གཞི་རྫས། | biol. The substance on which an enzyme acts. | སྨིན་རྫས་ཀྱིས་བྱེད་ལས་སྤེལ་སའི་དངོས་རྫས། |
| Substitution mutation ཚབ་འཇུག་ཉེས་འགྱུར། | biol. | |
| substantia nigra ཀླད་ཞོ་ནག་པོ། | neurosci. A layer of grey matter in the brain that produces dopamine and contains pigmented nerve cells, loss of which has been associated with Parkinson's disease. | ཌོ་པ་མིན་སྐྱེད་སྐྲུན་བྱེད་ཅིང་ཚོན་རྩི་ཅན་གྱི་དབང་རྩ་ཕྲ་ཕུང་དང་ལྡན་པའི་ཀླད་པའི་ནང་གི་སྐྱ་རྫས་ཀྱི་རིམ་པ་ཞིག འདི་ལ་གནོད་སྐྱོན་ཤོར་བ་ནི་པར་ཀིན་སོན་གྱི་ནད་དང་འབྲེལ་བ་ཡོད་པ་ཡིན། |