Search:
TermEnglish DefinitionTibetan Definition
Spermine འདུས་རྫས་སི་པེར་མིན། biol.
Spermatophyte སོན་ལྡན་རྩི་ཤིང་། biol.
spermatogonia ཁམས་དཀར་ས་བོན། biol. Male germ cells that act as stem cells and that may undergo meiosis and cell differentiation to become spermatozoa (gametes). མ་རྐང་ཕྲ་ཕུང་གི་བྱེད་ལས་སྒྲུབ་པའི་ཕོའི་ས་བོན་ཕྲ་ཕུང་ལ་ཟེར་ཞིང་། སྐྱེ་ཕུང་བཞི་གྱེས་དང་ཕྲ་ཕུང་ཁྱད་འགྱུར་ལ་བརྟེན་ནས་ཁམས་དཀར་ (ཁམས་རྡུལ་) དུ་འགྱུར་སྲིད།
spermatogenesis ཁམས་དཀར་སྐྱེད་རིམ། biol. The production or development of mature spermatozoa. ཁོ་ལག་རྫོགས་པའི་ཁམས་དཀར་ཕྲ་ཕུང་གི་འཚར་འཕེལ་ལམ་སྐྱེད་སྐྲུན་བྱེད་རིམ།
spermatocyte ཐིག་རྡུལ། ཁམས་དཀར་རྡུལ། biol. A diploid cell that undergoes meiosis to form four spermatids. A primary spermatocyte divides into two secondary spermatocytes, which in turn divide to form the spermatids. སྐྱེ་ཕུང་བཞི་གྱེས་ལ་བརྟེན་ནས་ཁམས་དཀར་ཁམས་མྱུག་བཞི་གྲུབ་པར་བྱེད་པའི་ཆ་རྐང་ཕྲ་ཕུང་ཞིག ཐོག་མའི་ཐིག་རྡུལ་དེ་བར་རིམ་ཐིག་རྡུལ་གཉིས་སུ་ཆ་བགོ་བྱེད་པ་དང་། བར་རིམ་ཐིག་རྡུལ་དེ་གཉིས་ཆ་བགོ་བྱས་ཏེ་ཁམས་དཀར་ཁམས་མྱུག་གྲུབ་པར་བྱེད།
spermatid ཁམས་དཀར་ཁམས་མྱུག biol. Any of the four haploid cells that are formed by meiosis from a spermatocyte and that develop into spermatozoa without further division. ཐིག་རྡུལ་ཞིག་ནས་སྐྱེ་ཕུང་བཞི་གྱེས་ལ་བརྟེན་ནས་གྲུབ་པའི་ཡ་རྐང་ཕྲ་ཕུང་བཞི་ལས་གང་རུང་ཞིག་ལ་གོ་ཞིང་། དབྱེ་འབྱེད་འཕར་མ་བྱེད་མི་དགོས་པའི་ཐོག་ནས་སྦུབ་ཕྲན་དབྱིབས་ཅན་གྱི་ཁམས་དཀར་ལ་འཚར་འཕེལ་འབྱུང་གི་ཡོད།
sperm ཁམས་དཀར། biol. A male reproductive cell; male gamete ཕོའི་སྐྱེད་འཕེལ་གྱི་ཕྲ་ཕུང་སྟེ། ཕོའི་ཁམས་རྡུལ།
speedometer མགྱོགས་ཚད་བརྩི་ཆས། phys. A device in a vehicle that shows how fast the vehicle is moving. འགྲུལ་འཁོར་ཞིག་ཅི་ཙམ་མགྱོགས་པོ་བགྲོད་ཀྱིན་པ་སྟོན་བྱེད་ཀྱི་ཡོ་ཆས་ཤིག
speed of sound སྒྲའི་མགྱོགས་ཚད། phys. The speed at which sound waves are propagated through a material medium. རྒྱུད་ལམ་ཞིག་བརྒྱུད་ནས་སྒྲ་རླབས་ཁྱབ་པའི་མགྱོགས་ཚད།
speed of light འོད་ཀྱི་མགྱོགས་ཚད། phys. The speed at which electromagnetic radiation travels. གློག་ཁབ་ལེན་གྱི་འགྱེད་འཕྲོ་བགྲོད་པའི་མགྱོགས་ཚད།
speed མགྱོགས་ཚད། phys. How fast something moves; the distance an object travels per unit of time; the magnitude of velocity. Speed=distance/time དངོས་པོ་ཞིག་ཇི་ཙམ་མགྱོགས་པོར་འགུལ་བའི་ཚད། དུས་ཀྱི་བརྩི་གཞི་རེའི་ནང་དུ་བགྲོད་པའི་ལམ་ཐག མྱུར་ཚད་ཀྱི་འབོར་ཚད། མགྱོགས་ཚད། = ལམ་ཐག / དུས།
specular reflection ཆིག་འཕྲོ། phys. Specular reflection is the type of reflection observed when light is reflected off a shiny, glossy or mirror-like surface, where light from a single incoming direction is reflected into a single outgoing direction. ཆིག་འཕྲོ་ཞེས་པ་ནི་བཀྲག་མདངས་ཅན་ནམ། འཚེར་མདངས་ཅན། ཡང་ན་མེ་ལོང་ལྟ་བུའི་ངོས་ནས་འོད་ལྡོག་འཕྲོ་བྱུང་སྐབས་སུ་མངོན་པའི་ལྡོག་འཕྲོའི་རིགས་ཤིག་ལ་གོ་ཞིང་། ཆིག་འཕྲོའི་སྐབས་སུ་ཁ་ཕྱོགས་གཅིག་ཁོ་ན་ནས་ཡོང་བའི་འོད་དེ་ཁ་ཕྱོགས་གཅིག་ཁོ་ན་རུ་ལྡོག་འཕྲོ་བྱེད་པ་ཡིན།
spectrum of arousal སད་ལྡང་ཚད་རིམ། neurosci.
spectrum (spectra) འོད་ཤལ། phys. For sunlight and other white light, the spread of colors seen when the light is passed through a prism or diffraction grating. The colors of the spectrum, in order from lowest frequency (longest wavelength) to highest frequency (shortest wavelength), are red, orange, yellow, green, blue, indigo, violet. See also absorption spectrum, electromagnetic spectrum, emission spectrum, and prism. ཉི་འོད་དམ་འོད་དཀར་གཞན་འཇའ་ཤེལ་ལམ་སྐོར་འཕྲོའི་འོད་དྲ་བརྒྱུད་ནས་འགྲོ་སྐབས་སུ་མཐོང་བའི་འོད་ཀྱི་ཁ་དོག་བཀྲམ་པ་དེ་ལ་གོ འོད་ཤལ་གྱི་ཁ་དོག་རྣམས་ཟློས་ཕྱོད་དམའ་ཤོས་ (རླབས་ཐག་རིང་ཤོས་) ནས་ཟློས་ཕྱོད་མཐོ་ཤོས་ (རླབས་ཐག་ཐུང་ཤོས་) སུ་སྒྲིག་ན་དམར་པོ་དང་། ལི་ཁྲི། སེར་པོ། ལྗང་ཁུ། སྔོན་པོ། མཐིང་མདོག མུ་མེན་མདོག་བཅས་ཡིན། ཐིམ་པའི་འོད་ཤལ་དང་། གློག་ཁབ་ལེན་གྱི་འོད་ཤལ། ཕྱིར་འཕྲོའི་འོད་ཤལ། འཇའ་ཤེལ་བཅས་ལ་ཡང་གཟིགས་རོགས།
spectrum འོད་ཤལ། phys.