Search:
TermEnglish DefinitionTibetan Definition
spacetime continuum མཁའ་དུས་ཀྱི་རྒྱུན། phys. The four-dimensional continuum, having three spatial coordinates and one temporal coordinate, in which all physical quantities may be located. མཁའ་དབྱིངས་ཀྱི་ཕྱོགས་ཆ་གསུམ་དང་དུས་ཀྱི་ཕྱོགས་ཆ་གཅིག་བཅས་ཀྱིས་གྲུབ་པའི་ཕྱོགས་ཆ་བཞི་ལྡན་གྱི་རྒྱུན་དེ་ལ་གོ་ཞིང་། འདིའི་ནང་དུ་ཕྱིའི་དངོས་པོ་ཐམས་ཅད་གནས་ཡོད་སྲིད་པར་བརྗོད།
spacetime མཁའ་དུས། phys. Four-dimensional continuum in which all events take place and all things exist: Three dimensions are the coordinates of space and the fourth is of time. བྱུང་བ་ཐམས་ཅད་འབྱུང་ས་དང་དངོས་པོ་ཐམས་ཅད་གནས་སའི་ཕྱོགས་ཆ་བཞི་ལྡན་གྱི་རྒྱུན། ཕྱོགས་ཆ་གསུམ་ནི་མཁའ་དབྱིངས་ཀྱི་འབྲེལ་གནས་གསུམ་པོ་ཡིན་པ་དང་བཞི་པ་དེ་ནི་དུས་ཡིན་ནོ།
space warp མཁའ་འཁྱོག phys. A hypothetical distortion of the space-time continuum that would allow space explorers to travel faster than light. མཁའ་དབྱིངས་རྟོག་ཞིབ་པ་འོད་ལས་མགྱོགས་པོར་བགྲོད་དུ་འཇུག་པའི་མཁའ་དུས་ཀྱི་རྟོག་བཟོའི་ཡོ་འཁྱོག་ཅིག
space telescope མཁའ་དབྱིངས་རྒྱང་ཤེལ། phys. An astronomical telescope that operates in space by remote control, to avoid interference by the earth's atmosphere. སའི་གོ་ལའི་རླུང་ཁམས་དང་ཐེ་ཞུགས་མི་འབྱུང་བའི་ཆེད་དུ་བར་སྣང་ཁམས་སུ་རྒྱང་བཀོད་ཡོ་ཆས་ལ་བརྟེན་ནས་སྟངས་འཛིན་བྱེད་པའི་སྐར་དཔྱད་རྒྱང་ཤེལ་ཞིག
space shuttle མཁའ་སྐྱེལ། phys. A reusable spacecraft designed to transport people and cargo between earth and space. སའི་གོ་ལ་དང་བར་སྣང་གཉིས་ཀྱི་དབར་དུ་མིའམ་དོས་ཟོག་སྐྱེལ་འདྲེན་བྱེད་ཆེད་དུ་བཟོས་པའི་བསྐྱར་སྤྱོད་ཆོག་པའི་མཁའ་གྲུ་ཞིག
space ship མཁའ་གྲུ། phys. A vehicle designed for travel or operation in space beyond the earth's atmosphere or in orbit around the earth. སའི་གོ་ལའི་སྐོར་ལམ་གྱི་ནང་ངམ་སའི་གོ་ལའི་རླུང་ཁམས་ཕྱི་རོལ་གྱི་བར་སྣང་དུ་འགྲུལ་བཞུད་བྱེད་པའམ་ལས་ཀ་བྱེད་ཆེད་དུ་བཟོས་པའི་འཕྲུལ་འཁོར་ཞིག
space craft མཁའ་གྲུ། phys. A vehicle designed for travel or operation in space beyond the earth's atmosphere or in orbit around the earth. སའི་གོ་ལའི་སྐོར་ལམ་གྱི་ནང་ངམ་སའི་གོ་ལའི་རླུང་ཁམས་ཕྱི་རོལ་གྱི་བར་སྣང་དུ་འགྲུལ་བཞུད་བྱེད་པའམ་ལས་ཀ་བྱེད་ཆེད་དུ་བཟོས་པའི་འཕྲུལ་འཁོར་ཞིག
space མཁའ་དབྱིངས། བར་སྣང་། ནམ་མཁའ། phys. A property of the universe that enables physical phenomena to be extended into three mutually perpendicular directions. གཟུགས་ཅན་གྱི་སྣང་ཚུལ་རྣམས་དྲང་འཕྱང་ཡིན་པའི་ཕྱོགས་ངོས་གསུམ་ལྡན་གྱི་ངོ་བོར་རྒྱ་སྐྱེད་དུ་འཇུག་པའི་འཇིག་རྟེན་ཁམས་ཀྱི་ཁྱད་ཆོས་ཤིག
south pole ལྷོ་སྣེ། phys. A) The southern end of the earth's axis of rotation, a point in Antarctica. B) The southern end of the axis of rotation of a planet or other celestial body. C) The south-seeking magnetic pole of a straight magnet. ཀ) སའི་གོ་ལའི་རང་འཁོར་བྱེད་སའི་སྲོག་ཤིང་གི་ལྷོ་ཕྱོགས་ཀྱི་སྣེ་མོ་ལ་གོ་ཞིང་འཛམ་གླིང་གི་ལྷོ་སྣེའི་ཚེག་ཅིག་ཡིན། ཁ) གཟའ་སྐར་རམ་མཁའ་དབྱིངས་ཀྱི་དངོས་གཟུགས་གཞན་གྱི་རང་འཁོར་སྲོག་ཤིང་གི་ལྷོ་ཕྱོགས་ཀྱི་སྣེ་མོ་ལ་གོ ག) ཁབ་ལེན་ལེབ་མོ་ཞིག་གི་ལྷོ་ཕྱོགས་འཚོལ་བར་བྱེད་པའི་སྣེ་མོ་དེ་ལ་གོ
Sounding board སྒྲ་པང། phys.
soundbox སྒྲ་སྒམ། phys.
Sound system སྒྲ་སྐད་མ་ལག phys.
sound reasoning གཏན་ཚིགས་ཡང་དག phil.
sound pressure སྒྲ་ཡི་གནོན་ཤུགས། phys. The difference between the pressure at a point in a medium through which a sound wave is passing and the static pressure of the medium at that point. སྒྲ་རླབས་བགྲོད་སའི་བརྒྱུད་ལམ་གྱི་གནས་གང་རུང་ཞིག་གི་གནོན་ཤུགས་དང་གནས་དེ་རུ་ཡོད་པའི་བརྒྱུད་ལམ་དེའི་འགྱུར་མེད་ཀྱི་གནོན་ཤུགས་གཉིས་ཀྱི་ཁྱད་པར་ལ་གོ
sound power སྒྲ་སྟོབས། phys. Sound Power is the total sound energy radiated by a source in all directions and measured in watts. སྒྲ་སྟོབས་ནི་སྒྲ་ཡི་འབྱུང་ཁུངས་ཤིག་གིས་ཁ་ཕྱོགས་ཐམས་ཅད་དུ་ཁྱབ་སྐྲུན་བྱས་པའི་སྒྲ་ཡི་ཁྱོན་སྡོམ་གྱི་ནུས་པ་ལ་གོ་ཞིང་བརྩི་གཞི་ཝཊ་རུ་ཚད་འཇལ་བྱེད།