Search:
TermEnglish DefinitionTibetan Definition
solid མཁྲེགས་གཟུགས། སྲ་གཟུགས། phys. Phase of matter characterized by definite volume and shape. བོངས་ཚད་དང་དབྱིབས་ངེས་ཅན་གྱི་ཐུན་མིན་ཁྱད་ཆོས་ཡོད་པའི་བེམ་གཟུགས་ཀྱི་གནས་བབ།
solar wind ཉི་རླུང། phys. The continuous flow of charged particles from the sun which permeates the solar system. ཉི་མ་ནས་ཐོན་ཞིང་ཉི་མའི་ཁྱིམ་རྒྱུད་ཀྱི་ཁྱོན་དུ་ཁྱབ་འགྲེམ་བྱེད་པའི་ཁུར་རྡུལ་གྱི་རྒྱུ་བ་རྒྱུན་མ་ཆད་པ་ཞིག
solar thermal power plant ཉི་དྲོད་གློག་ཁང་། phys.
solar thermal electric generator ཉི་དྲོད་གློག་ནུས་སྐྲུན་ཆས། phys.
solar system ཉི་མའི་ཁྱིམ་རྒྱུད། phys. The sun, the nine major planets (Mercury, Venus, Earth, Mars, Jupiter, Saturn, Uranus, Neptune, and Pluto) and their natural satellites, the asteroids, the comets, and meteoroids. ཉི་མ་དང་། གཟའ་སྐར་དགུ (ལྷག་པ། པ་སངས། སའི་གོ་ལ། མིག་དམར། ཕུར་བུ། སྤེན་པ། གནམ་རྒྱལ། མཚོ་རྒྱལ། གཤིན་རྒྱལ། ) དེ་དག་གི་རང་བྱུང་འཁོར་སྐར། སྐར་ཕྲན། སྐར་མ་དུ་བ་མཇུག་རིང་། སྐར་རྡོ་བཅས་སོ།
solar radiation curve ཉི་མའི་འགྱེད་འཕྲོའི་གུག་རིས། phys. Graph of brightness versus frequency (or wavelength) of sunlight. ཉི་འོད་ཀྱི་བཀྲག་མདངས་དང་ཟློས་ཕྱོད་ (ཡང་ན་རླབས་ཐག་) གཉིས་བསྡུར་ནས་བྲིས་པའི་ཐིག་རིས།
solar power ཉི་མའི་སྟོབས། phys. Energy per unit time derived from the Sun. དུས་ཀྱི་བརྩི་གཞི་གཅིག་གི་ནང་དུ་ཉི་མ་ནས་བླངས་པའི་ནུས་པ།
solar panel ཉི་པང་། phys. A panel designed to absorb the sun's rays as a source of energy for generating electricity or heating. གློག་སྐྲུན་པའམ་ཚ་པོ་བཟོ་བའི་ཆེད་དུ་ཉི་མའི་འོད་ཟེར་ནས་ནུས་པ་འཇིབ་ལེན་བྱེད་པར་འཆར་འགོད་བྱས་པའི་ལེབ་དབྱིབས་ཀྱི་ཡོ་བྱད་ཅིག
solar nebula ཉི་སྤྲིན། ཉི་མའི་སྐར་སྤྲིན། phys. A large cloud of gas and dust from which the sun, planets, and other solar system bodies formed. ཉི་མ་དང་། གཟའ་སྐར། ཉི་མའི་ཁྱིམ་རྒྱུད་དུ་ཡོད་པའི་དངོས་པོ་གཞན་རྣམས་ཀྱི་འབྱུང་ཁུངས་ཡིན་པའི་རླངས་གཟུགས་དང་ཐལ་རྡུལ་གྱི་སྤྲིན་པ་ཆེན་པོ་ཞིག
solar hybridization ཉི་ནུས་བསྲེ་སྦྱོར། phys.
solar flares ཉི་མཆེད། phys. A sudden eruption of magnetic energy on or near the surface of the sun, usually associated with sunspots and accompanied by bursts of electromagnetic radiation and particles. Ultraviolet and x-ray radiation from solar flares often induce electromagnetic disturbances in the earth's atmosphere. ཉི་མའི་ཕྱི་ངོས་ཀྱི་སྟེང་ངམ་འགྲམ་ནས་ཁབ་ལེན་གྱི་ནུས་པ་གློ་བུར་དུ་འཕྱུར་ཡོང་བ་ཞིག་སྟེ། ཉི་ཐིག་དང་འབྲེལ་བ་ཡོད་ཅིང་འདི་དང་ལྷན་དུ་གློག་ཁབ་ལེན་གྱི་འགྱེད་འཕྲོ་དང་རྡུལ་གྱི་འབར་འཐོར་འབྱུང་གི་ཡོད། ཉི་མཆེད་ནས་བྱུང་བའི་སྨུག་ཕྱིའི་འགྱེད་འཕྲོ་དང་གློག་པར་འགྱེད་འཕྲོ་ཡིས་སའི་གོ་ལའི་རླུང་ཁམས་སུ་གློག་ཁབ་ལེན་གྱི་ཟིང་འཁྲུག་སྐུལ་སྐྲུན་བྱེད།
solar energy ཉི་མའི་ནུས་པ། phys. The electromagnetic energy radiated from the sun. The tiny proportion (about 5x10-10 of the total) that falls on the earth is indicated by the solar constant. ཉི་མ་ནས་འཕྲོས་བའི་གློག་ཁབ་ལེན་གྱི་ནུས་པ། སའི་གོ་ལའི་ངོས་སུ་ཕོག་པའི་ཆ་ཤས་ཕྲ་མོ་(ཁྱོན་སྡོམ་གྱི་ཆ་ཤས་ 5x10-10 ཙམ།) དེ་ནི་ཉི་མའི་བརྟན་གྲངས་ཀྱིས་མཚོན་པར་བྱེད།
solar electricity ཉི་གློག phys. Any method of producing electricity from solar energy, as through direct conversion of sunlight into electricity, or by using focused sunlight to heat a working fluid. ཉི་འོད་ཐད་ཀར་གློག་ནུས་སུ་སྒྱུར་བའམ། ཉི་འོད་གནས་གཅིག་ཏུ་འདུས་པར་བྱས་ཏེ་གློག་འདོན་འཕྲུལ་ཆས་ནང་གི་གཤེར་ཁུ་ཚ་པོ་བཟོ་བའི་ཐབས་ལམ་གང་རུང་སྤྱད་དེ། ཉི་ནུས་ནས་གློག་ནུས་སྐྲུན་པའི་ཐབས་ལམ་གང་ཡང་རུང་བ་ཞིག་ལ་གོ
solar eclipse ཉི་འཛིན། phys. An event wherein the Moon blocks light from the Sun and the Moon’s shadow falls on part of Earth. ཟླ་བས་ཉི་འོད་བཀག་པ་ལ་བརྟེན་ནས་ཟླ་བའི་གྲིབ་ནག་སའི་གོ་ལའི་ཆ་ཤས་ཤིག་ལ་ཕོག་པའི་བྱུང་བ་ཞིག
solar constant ཉི་མའི་བརྟན་གྲངས། phys. 1400 J/m2 received from the Sun each second at the top of Earth’s atmosphere, expressed in terms of power, 1.4 kW/m2. སྐར་ཆ་རེའི་ནང་དུ་སའི་གོ་ལའི་ཁ་དབུགས་ཀྱི་ཡང་ཐོག་ཏུ་ཕོག་པའི་ཉི་མའི་མཐུ་ཚད་ 1400J/m2 ཡིན་ཞིང་སྟོབས་ཀྱི་ནང་དུ་ 1.4 kW/m2 ཞེས་མཚོན་པར་བྱེད།