| skin area པགས་པའི་རྒྱ་ཁྱོན། | biol. | |
| Skillful communication ཐབས་མཁས་འབྲེལ་ལམ། | SEE Learning | |
| sketchy སྐྱ་རིས། | Resembling a sketch; drawn with little detail | ཧྲོབ་བྲིས་དང་འདྲ་མཚུངས་ཡིན་པ་སྟེ། ཞིབ་ཚགས་ཅུང་ཙམ་དང་བཅས་ཏེ་བྲིས་པ། |
| skeleton ཀེང་རུས། | biol. The internal structure of vertebrate animals, usually composed of bone and cartilage, that supports the body, serves as a framework for the attachment of muscles, and protects the vital organs and associated structures. | རུས་པ་དང་ཕྲུམ་རུས་ཀྱིས་གྲུབ་ཅིང་། ལུས་པོར་སྐྱོར་འདེགས་བྱེད་པ་དང་། ཤ་སྒྲིམ་འབྱར་སའི་སྒྲོམ་གཞིའི་བྱེད་ལས་སྒྲུབ་པ། དོན་ལྔ་སྣོད་དྲུག་ལ་སོགས་པ་སྲུང་སྐྱོབ་བྱེད་པའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ནང་རོལ་གྱི་ཆགས་བཀོད་ཅིག |
| Skeletal system རུས་སྒྲོམ་མ་ལག | biol. | |
| skeletal muscle cell རུས་འབྱར་ཤ་སྒྲིམ་ཕྲ་ཕུང་། | biol. | |
| skeletal muscle རུས་འབྱར་ཤ་གནད། རུས་འབྱར་ཤ་སྒྲིམ། | biol. A muscle attached to a bone, which makes a limb move | རུས་པར་འབྱར་ཡོད་པའི་ཤ་སྒྲིམ་ཞིག་སྟེ་རྐང་ལག་འགུལ་སྐྱོད་གཏོང་བའི་བྱེད་ལས་སྒྲུབ་ཀྱི་ཡོད། |
| skateboard ཤུད་པང། | phys. A short narrow board with two small wheels fixed to the bottom of either end, on which a person can ride in a standing or crouching position, propelling themselves by occasionally pushing one foot against the ground. | སྣེ་གཉིས་ཀྱི་གཤམ་འོག་ཏུ་འཁོར་ལོ་ཆུང་ཆུང་གཉིས་རེ་བཏགས་ཡོད་པའི་པང་ལེབ་ནར་མོ་ཐུང་ཐུང་ཞིག་སྟེ། དེའི་སྟེང་དུ་མི་ཞིག་གྱེན་དུ་ལངས་པའམ་སྒུར་ནས་མཚམས་རེར་རྐང་པ་ཡ་གཅིག་གིས་ས་ཐོག་ཏུ་འབུད་རྒྱག་བྱས་པ་ལ་བརྟེན་ནས་མདུན་དུ་འགུལ་བཞིན་འཁོར་འགྲུལ་བྱེད་ཐུབ་ཀྱི་ཡོད། |
| Sixth sense དབང་ཚོར་དྲུག་པ། | phil. | |
| Sixth mass extinction སྡེབ་སྟོང་དྲུག་པ། | biol. | |
| situated conceptualization སྐབས་འབྲེལ་རྟོག་བསྐྱེད། | neurosci. | |
| Sirius སི་རི་ཡ་སི། | phys. A star in the constellation Canis Major, the brightest star in the sky, approximately 8.6 light years distant from Earth. Also called Dog Star. | ཁྱི་ཆེན་སྐར་ཚོམ་ནང་གི་སྐར་མ་ཞིག་སྟེ། སའི་གོ་ལ་ནས་ཧ་ལམ་འོད་ལོ་ 8.6 གི་སར་ཡོད་ཅིང་། ནམ་མཁའི་མཐོངས་ཀྱི་སྐར་མ་བཀྲག་མདངས་ཆེ་ཤོས་དེ་ཡིན། འདི་ལ་ཁྱི་སྐར་ཞེས་ཀྱང་བརྗོད། |
| Sirenia མཚོ་གླང་། | biol. | |
| Sinodelphys ཁུག་ལྡན་མེས་པོ། | biol. | [ཁུག་ལྡན་སྲོག་ཆགས་ཀྱི་མེས་པོ།] |
| sinoatrial node འགྲོས་མདུད། | biol. A small body of specialized muscle tissue in the wall of the right atrium of the heart that acts as a pacemaker by producing a contractile signal at regular intervals. | སྙིང་གི་སྦུབས་སྟོད་གཡས་པའི་ཤུན་པའི་ནང་དུ་ཡོད་ཅིང་ཆེད་ལས་ཅན་གྱི་ཤ་སྒྲིམ་ཕུང་གྲུབ་རྡོག་རྡོག་ཆུང་ངུ་ཞིག་ལ་གོ་ཞིང་། དེ་ཡིས་དུས་མཚམས་ངེས་ཅན་ལ་སྡུད་འཁུམ་གྱི་བརྡ་འཕྲིན་སྐྱེད་སྐྲུན་བྱས་ཏེ་སྐུལ་ཆས་ཀྱི་བྱེད་ལས་སྒྲུབ་ཀྱི་ཡོད། [སྦུབས་སྟོད་ཀྱི་འགྲོས་སྐྱེད་པར་བྱེད་པའི་མདུད་པ་ཡིན་པས་ན།] |