Search:
TermEnglish DefinitionTibetan Definition
zygote ས་བོན་འདུས་སྒོང་། biol. A zygote is the cell formed when two gametes fuse during fertilization. ས་བོན་འདུས་སྒོང་ནི་ས་བོན་འདྲེས་སྦྱོར་གྱི་སྐབས་སུ་ཁམས་རྡུལ་གཉིས་འདུས་པ་ལས་གྲུབ་པའི་ཕྲ་ཕུང་དེ་ལ་གོ
zoology སྲོག་ཆགས་རིག་པ། biol. The scientific study of the behavior, structure, physiology, classification, and distribution of animals. སྲོག་ཆགས་ཀྱི་གཤིས་སྤྱོད་དང། བཀོད་པ། ཕུང་གནས། སྡེ་ཚན་དབྱེ་བསྡུ། ཁྱབ་ཚུལ་བཅས་ལ་བརྟག་པའི་ཚན་རིག
zinc ཏི་ཚ། chem. The chemical element of atomic number 30, a silvery-white metal that is a constituent of brass and is used for coating iron and steel to protect against corrosion. རྡུལ་ཕྲན་ཨང་གྲངས་ ༣༠ ཡིན་པའི་རྩ་རྫས་ཏེ། མདོག་དངུལ་དཀར་གྱི་ལྕགས་རིགས་ཤིག འདི་ནི་རག་གི་གྲུབ་ཆ་ཡིན་ཞིང་། ལྕགས་དང་ངར་ལྕགས་ལ་བཙའ་མི་རྒྱག་པའི་ཆེད་དུ་ཚོན་སྐོགས་སུ་བེད་སྤྱོད་བྱེད།
zeroth law of thermodynamics དྲོད་ཤུགས་རིག་པའི་གཏན་ཁྲིམས་ཀླད་ཀོར་བ། phys. One other law is used in thermodynamics. Because it is fundamental to, and assumed by, the other laws of thermodynamics it is usually known as the zeroth law of thermodynamics. This states that if two bodies are each in equilibrium with a third body, then all three bodies are in thermal equilibrium with each other. དྲོད་ཤུགས་རིག་པར་སྤྱོད་པའི་གཏན་ཁྲིམས་གཞན་ཞིག དྲོད་ཤུགས་རིག་པའི་གཏན་ཁྲིམས་གཞན་དག་གིས་ཡིན་ཤག་ཏུ་བྱེད་ཅིང་དེ་དག་གི་རྩ་བར་གྱུར་སྟབས་འདི་ལ་དྲོད་ཤུགས་རིག་པའི་གཏན་ཁྲིམས་ཀླད་ཀོར་བ་ཞེས་བརྗོད། གཏན་ཁྲིམས་འདིས། གལ་ཏེ་དངོས་གཟུགས་གཉིས་སོ་སོ་ནས་དངོས་གཟུགས་གསུམ་པ་ཞིག་དང་དྲོད་ཚད་ཆ་མཉམ་ཡིན་ཚེ། དངོས་གཟུགས་དེ་གསུམ་པོ་ཕན་ཚུན་དྲོད་ཚད་ཆ་མཉམ་གྱི་ངོ་བོར་གནས་ཡོད་ཅེས་བརྗོད།
Z boson Z སྦོ་སོན་རྡུལ། phys. An electrically neutral subatomic particle that mediates the weak nuclear force. The Z boson has a mass 182,000 times that of the electron. ལྟེ་རྡུལ་གྱི་ཞན་ཤུགས་སྐྲུན་མཁན་གློག་ཁུར་མེད་པའི་ཕྲ་རྡུལ་ཞིག་ཡིན། Z སྦོ་སོན་རྡུལ་གྱི་གདོས་ཚད་ནི་གློག་རྡུལ་གྱི་གདོས་ཚད་ཀྱི་ལྡབ་ ༡༨༢༠༠༠ ཡིན།
yeast ཕབས། biol. A type of fungus that is used in making alcoholic drinks and in baking to help make dough rise. ཆང་རག་གི་བཏུང་བ་བཟོ་བ་དང་། བག་ལེབ་བཟོ་སྐབས་སྐྱུར་ལངས་པར་ཕན་རོགས་བྱེད་པར་སྤྱོད་པའི་ཧམ་ཤའི་རིགས་ཤིག
Y chromosome ཚོས་གཟུགས་ Y / ཚོས་ཕུང་ Y biol. The sex chromosome associated with male characteristics in mammals, not occurring in females and occurring with one X chromosome in the male sex-chromosome pair. ནུ་གསོས་སྲོག་ཆགས་ཕོའི་ཁྱད་ཆོས་དང་འབྲེལ་བ་ཡོད་པའི་མཚན་མའི་ཚོས་གཟུགས་དེ་ལ་གོ་ཞིང་། མོའི་ནང་དུ་མེད་པ་དང་། ཕོའི་མཚན་མའི་ཚོས་གཟུགས་ཀྱི་ནང་དུ་ཚོས་གཟུགས་ X ཞིག་དང་ལྷན་དུ་ཆ་བྱས་ནས་འབྱུང་།
xylose ཛ་ལོ་མངར་རྫས། biol. Pentose sugar found in woody materials that is used as a nonnutritive sweetener and in dyeing and tanning. ཚོས་རྒྱག་པ་དང་མདོག་སྨུག་པོར་སྒྱུར་བྱེད་དུ་སྤྱོད་ཅིང་། བཅུད་མེད་མངར་རྫས་སུ་བེད་སྤྱོད་བྱེད་པའི་ཀ་ར་ལྔ་ལྡན་གྱི་ཤིང་ནགས་མངར་རྫས་ཤིག
xylem གཤེར་ལམ། biol. The vascular tissue in plants which conducts water and dissolved nutrients upwards from the root and also helps to form the woody element in the stem. རྩི་ཤིང་གི་རྩ་བ་ནས་ཆུ་དང་བཞུས་ཚར་བའི་བཅུད་རྫས་གྱེན་དུ་འདྲེན་པ་དང་། གཞུང་རྟའི་ནང་གི་ཤིང་གི་ཆ་ཤས་གྲུབ་པར་བྱེད་པའི་སྦུ་གུའི་ཕུང་གྲུབ་ལ་གོ
X-ray གློག་པར། phys. Electromagnetic radiation, higher in frequency than ultraviolet, emitted by atoms when the innermost orbital electrons undergo excitation. རྡུལ་ཕྲན་ནང་གི་ནུས་རིམ་དམའ་ཤོས་ལ་གློག་རྡུལ་འཕོ་སྐབས་འཕྲོ་ཡོང་བའི་སྨུག་ཕྱིའི་འོད་ལས་ཟློས་ཕྱོད་མཐོ་བའི་གློག་ཁབ་ལེན་གྱི་འགྱེད་འཕྲོ།