Search:
TermEnglish DefinitionTibetan Definition
brute facts འགྲེལ་མེད་དངོས་དོན། phil. In philosophy, a brute fact is one that cannot be explained. ལྟ་གྲུབ་རིག་པའི་ནང་དུ་འགྲེལ་མེད་དངོས་དོན་ནི་འགྲེལ་བཤད་རྒྱག་ཏུ་མེད་པའི་དངོས་དོན་དེ་ལ་གོ
brush ཟེ་སྣེ། phys. A piece of carbon or metal serving as an electrical contact with a moving part in a motor or alternator. གློག་སྒུལ་འཕྲུལ་ཆས་སམ་གློག་འདོན་འཕྲུལ་ཆས་ནང་ནི་སྐོར་བ་འཁོར་གྱིན་པའི་ཆ་ཤས་དེའི་སྟེང་དུ་ཐུག་ཅིང་གློག་རྒྱུ་བར་བྱེད་པའི་ཁར་སྦོན་ནམ་ལྕགས་རིགས་ཀྱི་དུམ་བུ་དེ་ལ་གོ
Brownian movement སྦི་རོན་གཡོ་འགུལ། phys. The continuous random movement of microscopic solid particles (of about 1 micrometer in diameter) when suspended in a fluid medium. First observed by the botanist Robert Brown (1773-1858) in 1827 when studying pollen particles, it was originally thought to be the manifestation of some vital force. It was later recognized to be a consequence of bombardment of the particles by the continually moving molecules of the liquid. The smaller the particles, the more extensive is the motion. The effect is also visible in particles of smoke suspended in a still gas. ཕྲ་བའི་སྲ་གཟུགས་ཀྱི་ཕྲ་རྡུལ་ཞིག་གཤེར་གཟུགས་ཤིག་ཏུ་ལྡུག་སྐབས། ཕྱོགས་ངེས་མེད་དུ་མཚམས་མ་ཆད་པར་རྒྱུ་བའི་འགུལ་སྐྱོད། འདི་ནི་ཐོག་མར་རྩི་ཤིང་རིག་པ་བ་ཪོ་བྷུརཌ་སྦི་རོན་(༡༧༧༣ ནས་༡༨༥༨) གྱིས་སྤྱི་ལོ་༡༨༢༧ ལོར་ཟེ་འབྲུའི་ཕྲ་རྡུལ་ལ་བརྟག་དཔྱད་བྱེད་སྐབས་ཚོར་རྟོགས་བྱུང་ཞིང་། དང་ཐོག་འདི་ནི་འཚོ་བྱེད་ནུས་པའི་རྣམ་པ་གཞན་ཞིག་ཡིན་པར་འདོད། ཕྱིས་སུ། འདི་ནི་ཕྲ་རྡུལ་རྣམས་མཚམས་མེད་དུ་འགུལ་གྱིན་པའི་གཤེར་གཟུགས་ཀྱི་འདུས་རྡུལ་དང་གདོང་ཐུག་རྒྱབ་པའི་རྗེས་འབྲས་ཡིན་པར་ངོས་བཟུང་བྱས། ཕྲ་རྡུལ་ཅི་ཙམ་ཆུང་བ་ཡོད་ན་སྦི་རོན་འགུལ་སྐྱོད་དེ་ཙམ་གྱི་རྒྱ་ཆེ་བ་ཡོད། ཁྱད་ཆོས་འདི་འགུལ་མེད་ཀྱི་རླངས་གཟུགས་ཤིག་ཏུ་དུ་བའི་ཕྲ་རྡུལ་བསྲེས་ན་མཐོང་ཐུབ།
Brownian motion སྦི་རོན་འགུལ་སྐྱོད། phys. Haphazard movement of tiny particles suspended in a gas or liquid resulting from bombardment by the fast-moving molecules of the gas or liquid. གཤེར་གཟུགས་སམ་རླངས་གཟུགས་ཀྱི་མགྱོགས་འགུལ་བྱེད་ཀྱིན་པའི་འདུས་རྡུལ་གྱིས་རྡུང་ཁ་རྒྱབ་པ་བརྟེན་ནས་གཤེར་གཟུགས་སམ་རླངས་གཟུགས་ཀྱི་ནང་དུ་དཔྱང་བའི་ཕྲ་རྡུལ་ལ་བྱུང་བའི་ངེས་མེད་ཀྱི་འགུལ་སྐྱོད།
brown dwarf སྨུག་ཆུང་། phys. An astronomical object with a mass intermediate between the mass of a planet and that of a small star. The mass of a brown dwarf is large enough to generate energy by gravitational pressure, but not large enough to sustain nuclear fusion. The energy is radiated as electromagnetic radiation. Brown dwarfs are faint objects, which are expected to shine for about 100 million years before cooling. Their masses lie between a few times the mass of Jupiter and 80 times the mass of Jupiter. It has been suggested that brown dwarfs may contribute to the missing mass of the universe. གཟའ་སྐར་ལས་གདོས་ཚད་ཆེ་ཞིང་སྐར་ཆུང་ལས་གདོས་ཚད་ཆུང་བ་ཡོད་པའི་མཁའ་དབྱིངས་ཀྱི་དངོས་གཟུགས་ཤིག སྨུག་ཆུང་གི་གདོས་ཚད་ནི་འཐེན་ཤུགས་ཀྱི་གནོན་ཤུགས་ལ་བརྟེན་ནས་ནུས་པ་བསྐྲུན་པར་འདང་ངེས་ཡོད་མོད། ལྟེ་རྡུལ་འདུས་འགྱུར་རྒྱུན་གནས་བྱེད་པར་མཁོ་བའི་གདོས་ཚད་ལས་ཆུང་བ་ཡོད། ནུས་པ་དེ་ནི་གློག་ཁབ་ལེན་གྱི་རླབས་ཀྱི་འགྱེད་འཕྲོ་ལ་བརྟེན་ནས་འགྱེད་འཕྲོ་བྱེད། སྨུག་ཆུང་གིས་རང་ཉིད་གྲང་མོ་མ་ཆགས་བར་དུ་ལོ་ངོ་ས་ཡ་༡༠༠ ཙམ་ལ་འོད་འབྱིན་པར་བྱེད་པས་དངོས་གཟུགས་གསལ་ལ་མི་གསལ་བ་ཞིག་ཡིན། སྨུག་ཆུང་གི་གདོས་ཚད་ནི་གཟའ་ཕུར་བའི་གདོས་ཚད་ཀྱི་ལྡབ་འགའ་ནས་ལྡབ་བརྒྱད་ཅུའི་བར་ཡིན། སྨུག་ཆུང་གིས་འཇིག་རྟེན་ཁམས་ཀྱི་མ་ངེས་པའི་གདོས་ཚད་ཤེས་རྟོགས་བྱེད་པར་རབ་འདེགས་བྱེད་པར་བརྗོད།
bronchus (bronchi) གློ་ཡུའི་རྩ་སྦུབས། biol. Either of the two primary divisions of the trachea that lead respectively into the right and the left lung. གློ་བ་གཡས་གཡོན་སོ་སོ་དང་མཐུད་པའི་གློ་ཡུ་གཙོ་བོ་གཉིས་ལས་གང་རུང་ཞིག
Bronchoscopy བློ་ཡུ་བརྟག་ཐབས། biol.
Bronchoscope བློ་ཡུ་བརྟག་ཆས། biol.
Bronchiole གློ་ཡུའི་ཉིང་ལག biol.
bromine བོ་རོ་མིན། biol.
Brodmann Areas བོརོཌ་མན་ས་ཁུལ། Neurosci.
Broca’s area བོ་རོ་ཀའི་ཁུལ། neurosci. A brain center associated with the motor control of speech and usually located in the left side of the frontal lobe སྐད་བརྡའི་སྟངས་འཛིན་དང་འབྲེལ་བ་ཡོད་པའི་ཀླད་པའི་ཁུལ་ཞིག་ལ་གོ་ཞིང་མདུན་འདབ་ཀྱི་གཡོན་ཕྱོགས་སུ་གནས་ཡོད།
British thermal unit (BTU) ཨིན་ཇིའི་དྲོད་གྱི་བརྩི་གཞི། (བི་ཊི་ཡུ། ) phys.
bristlecone pine ཚེ་རིང་ཐང་ཤིང་། biol. A very long-lived shrubby pine of western North America. བྱང་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་སྡོང་ལྡུམ་ཚེ་ཐག་ཧ་ཅང་རིང་པོ་ཞིག
brightness གསལ་ཚད། phys. The quality or state of giving out or reflecting light. འཕྲོས་པའམ་ལྡོག་འཕྲོ་བྱས་པའི་འོད་ཀྱི་གནས་བབ་བམ་སྤུས་ཀ