Search:
TermEnglish DefinitionTibetan Definition
brain rhythm ཀླད་འགྲོས། neurosci. Characteristic pattern of electrical activity (voltage) in the brain, recordable as a wave-form tracing (electroencephalogram). There are four basic brain rhythms: alpha rhythm, beta rhythm, delta rhythm, and theta rhythm. ཀླད་པའི་ནང་གི་གློག་གི་བྱེད་སྒོའི་ (ཝོལ་ཚད་) ཐུན་མིན་བཀོད་རིས་ལ་གོ་ཞིང་། རླབས་ཀྱི་རྣམ་པར་ (ཀླད་རྩའི་གློག་རིས་) ཐོ་འགོད་བྱེད་ཆོག རྩ་བའི་ཀླད་འགྲོས་བཞི་ཡོད་པ་ནི། ཨལ་ཕ་རླབས་འགྲོས་དང་། བྷི་ཊ་རླབས་འགྲོས། ཌེལ་ཊ་རླབས་འགྲོས། ཐཻ་ཊ་རླབས་འགྲོས་བཅས་སོ།
brain reward system ཀླད་པའི་བདེ་ཉམས་མ་ལག neurosci.
brain resilience ཀླད་པའི་བསྲན་ནུས། neurosci.
brain plasticity ཀླད་པའི་མཉེན་གཤིས། neurosci. Capacity of neurons and neural networks in the brain to change their connections and behaviour in response to new information, sensory stimulation, development, damage, or dysfunction. གནས་ཚུལ་གསར་པའམ། དབང་ཚོར་སྐུལ་རྐྱེན། འཚར་འཕེལ། ཉམས་སྐྱོན། ཡང་ན་བྱེད་ལས་ཉམས་སྐྱོན་ལ་ཡ་ལན་གྱི་ཚུལ་དུ་ཀླད་པའི་ནང་གི་དབང་རྩ་ཕྲ་གཟུགས་དང། དབང་རྩའི་དྲ་ཚོགས་ཀྱིས་རང་ཉིད་ཀྱི་འབྲེལ་མཐུད་དང་གཤིས་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ།
brain pathways ཀླད་པའི་རྒྱུ་ལམ། neurosci.
brain pacemaker ཀླད་འགྲོས་སྐུལ་ཆས། neurosci. A medical device implanted in the brain, which sends electrical impulses to parts of the brain to regulate cerebral activity; used in the treatment of epilepsy, Parkinson's disease, etc. ཀླད་པའི་ནང་དུ་འཛུགས་པའི་སྨན་བཅོས་ཡོ་ཆས་ཤིག་སྟེ། འདི་ཡིས་ཀླད་པའི་ཆ་ཤས་ཁག་ཅིག་ལ་གློག་གི་འཕར་བརྡ་བཏང་སྟེ་ཀླད་ཆེན་གྱི་བྱེད་སྒོ་ལ་ཚོད་འཛིན་བྱེད་པ་དང་། བརྒྱལ་གཟེར་དང་། པར་ཀིན་སོན་གྱི་ནད་ལ་སོགས་པ་སྨན་བཅོས་བྱེད་པར་སྤྱོད།
brain networks ཀླད་དྲ། (ཀླད་པའི་དྲ་ཚོགས། ) neurosci.
brain myelination ཀླད་པའི་བད་ཤུན་གྲུབ་རིམ། Neurosci.
brain maturation ཀླད་པའི་འཚར་ལོངས། Neurosci.
brain mapping ཀླད་པའི་ཁྲ་ཕབ། neurosci.
brain imaging paradigms ཀླད་བརྙན་དཔར་ཚུལ་གྱི་ལུགས། neurosci.
brain imaging ཀླད་པའི་དཔར་ལེན། neurosci. The demonstration of details of brain structure by such means as X-rays, ANGIOGRAPHY, DIGITAL SUBTRACTION ANGIOGRAPHY, CT SCANNING, magnetic resonance imaging (MRI) or positron emission tomography (PET) scanning. གློག་དཔར་རམ། ཁྲག་རྩ་དཔར་ལེན། ཌི་ཨེསི་ཨེ། དུམ་སྒྲིག་གློག་དཔར། སྡུད་དཔར། ཡང་ན་ལྡོག་རྡུལ་གློག་དཔར་ལྟ་བུའི་ཐབས་ལ་བརྟེན་ནས་ཀླད་པའི་ཆགས་བཀོད་ཞིབ་ཕྲ་མཚོན་པར་བྱེད་པ།
brain disorder ཀླད་པའི་འཁྲུག་སྐྱོན། neurosci. Disturbances of physical or mental function due to abnormality or disease of the brain. Brain disorders should be distinguished from psychological (psychogenic) mental disturbances in which the functioning of the brain itself is not impaired. Brain disorders are associated with impairment of memory, orientation, comprehension and judgment, and also by shallowness of emotional expression. ཀླད་པའི་ནད་དམ་སྐྱོན་ཆ་ལ་བརྟེན་ནས་ལུས་སེམས་ཀྱི་བྱེད་ལས་ལ་བྱུང་བའི་འཁྲུག་སྐྱོན་ལ་གོ ཀླད་པའི་འཁྲུག་སྐྱོན་ནི་སེམས་ཁམས་དང་འབྲེལ་བའི་འཁྲུག་སྐྱོན་ལས་ཐ་དད་དུ་འབྱེད་དགོས་ཏེ། ཕྱི་མའི་སྐབས་སུ་ཀླད་པའི་བྱེད་ལས་ལ་སྐྱོན་ཤོར་མེད། ཀླད་པའི་འཁྲུག་སྐྱོན་ནི་དྲན་པ་དང། ཁ་ཕྱོགས་སྟོན་སྟངས། གོ་རྟོགས། ཐག་གཅོད་ཀྱི་ནུས་པ་བཅས་ཀྱི་ཉམས་སྐྱོན་དང་འབྲེལ་བ་ཡོད་པ་མ་ཟད། སེམས་མྱོང་གི་རྣམ་འགྱུར་ལེགས་པོ་སྟོན་མི་ཐུབ་པ་ལ་བརྟེན་ནས་བྱུང་བ་ཡང་ཡིན།
brain damage ཀླད་སྐྱོན། neurosci. Injury to the brain that is caused by various conditions, such as head trauma, inadequate oxygen supply, infection, or intracranial hemorrhage, and that may be associated with a behavioral or functional abnormality. མགོ་ལ་ཕོག་པའི་བྲེད་རྨའམ། འཚོ་རླུང་མཁོ་སྤྲོད་མ་འདང་བའམ། གཉན་ཁའམ། ཡང་ན་ཐོད་རུས་ནང་དུ་ཁྲག་ཤོར་བ་ལ་བརྟེན་ནས་བྱུང་བའི་ཀླད་པའི་རྨས་སྐྱོན་ལ་ཟེར་ཞིང་། གཤིས་སྤྱོད་དང་བྱེད་ལས་ཀྱི་རྒྱུན་ལྡན་མིན་པའི་རང་བཞིན་ལ་འབྲེལ་བ་ཡོད་པ་ཡིན་སྲིད།
brain circuit ཀླད་པའི་བརྡ་ལམ། neurosci.