Search:
TermEnglish DefinitionTibetan Definition
Anion གྱེས་རྡུལ་མོ། phys.
animation འགུལ་བརྙན། (སྲོག་ཞུགས) phys. Process of giving the illusion of movement to drawings, models, or inanimate objects. རི་མོ་འམ། དཔེ་གཟུགས། བེམ་དངོས་ལ་འཁྲུལ་སྣང་གི་འགུལ་བསྐྱོད་ཀྱི་སྣང་བ་སྦྱིན་པའི་རྒྱུད་རིམ་ལ་གོ
animalcule སེམས་ཅན་ཕྲ་ཆུང་། biol. A microscopic animal such as an amoeba or rotifer ཨ་མི་བྷ་ཕྲ་སྲིན་ནམ་གཤེར་གནས་ཕྲ་སྲིན་ལྟ་བུའི་སྲོག་ཆགས་ཕྲ་མོ་ཞིག
animal spirits བྱོལ་སོང་གི་གདོན། neurosci.
Animal pole གཡོ་སྣེ། Biol.
animal kingdom སེམས་ཅན་གྱི་གླིང། biol. A category of living organisms comprising all animals. The classification of animals into major groups is now generally agreed by most biologists, unlike the situation in the PLANT KINGDOM where there are several alternative systems of classification. སེམས་ཅན་ཡོངས་རྫོགས་འདུས་པའི་སྐྱེ་ལྡན་སྲོག་ཆགས་ཀྱི་སྡེ་ཚན་ཞིག་ལ་ཟེར། དེང་གི་ཆར་རྩི་ཤིང་གི་གླིང་ལ་སྡེ་ཚན་དབྱེ་ཚུལ་མི་འདྲ་བ་འགའ་ཤས་ཡོད་མོད། སེམས་ཅན་རྣམས་སྡེ་ཚན་ཆེ་ཁག་འགའི་ནང་དུ་དབྱེ་ཡོད་པ་ནི་སྐྱེ་དངོས་རིག་པ་བ་ཕལ་ཆེ་བས་ཁས་ལེན་བྱེད།
animal hemisphere གཡོ་བའི་ཟླུམ་ཕྱེད། Biol.
animal behavior སེམས་ཅན་གྱི་གཤིས་སྤྱོད། biol. The activities that constitute an animal's response to its external environment. Certain categories of behavior are seen in all animals (e.g. feeding, reproduction) but these activities involve different movements in different species and develop in different ways. སེམས་ཅན་ཞིག་གིས་རང་ཉིད་ཀྱི་ཕྱིའི་ཁོར་ཡུག་ལ་སྤྲོད་པའི་ཡ་ལན་གྱི་ཆ་ཤས་སུ་གྱུར་པའི་བྱེད་སྒོ་ལ་གོ་ཞིང་། གཤིས་སྤྱོད་ཀྱི་སྡེ་ཚན་ངེས་ཅན་ཁག་ཅིག་ནི་ (ཟས་ཟ་བ་དང་། སྐྱེད་འཕེལ་བྱེད་པ་ལྟ་བུ།) སེམས་ཅན་ཚང་མར་ཡོད། འོན་ཀྱང་། བྱེད་སྒོ་འདི་དག་སྒྲུབ་པར་ཉེ་རིགས་མི་འདྲ་བས་འགུལ་སྐྱོད་བྱེད་སྟངས་མི་འདྲ་བས་གཤིས་སྤྱོད་འདི་དག་འཕེལ་རྒྱས་སུ་འགྲོ་སྟངས་ཀྱང་མི་འདྲ་བ་ཡིན།
Anhydrous ཆུ་བྲལ། chem. [ཆུ་བྲལ་བ་སྟེ་ཆུ་མེད་པ།]
angular speed ཟུར་ཁུག་མགྱོགས་ཚད། phys. The scalar change in direction per unit time, i.e., the magnitude of the angular velocity vector. དུས་ཡུན་རེ་རེའི་ནང་དུ་བྱུང་བའི་ཁ་ཕྱོགས་ཀྱི་འགྱུར་བ་ལ་ཟེར་ཞིང་། ཟུར་ཁུག་མྱུར་ཚད་ཀྱི་འབོར་ཚད་ལ་གོ་བ་ཡིན།
angular momentum ཟུར་ཁུག་གི་འགུལ་ཚད། phys. Product of a body’s rotational inertia and rotational velocity about a particular axis. For an object that is small compared with the radial distance, it is the product of mass, speed, and radial distance of rotation. Angular momentum=mvr. དངོས་པོ་ཞིག་གི་སྲོག་ཤིང་ངེས་ཅན་ཞིག་གི་ཕྱོགས་སུ་ཡོད་པའི་འཁོར་འགུལ་འགྱུར་འགོག་རང་གཤིས་དང་དེའི་འཁོར་འགུལ་མྱུར་ཚད་གཉིས་ཀྱི་སྒྱུར་ཐོབ། ཚངས་ཕྱེད་ཕྱོགས་ཀྱི་རིང་ཚད་ལ་ལྟོས་ཏེ་ཆུང་བ་ཡོད་པའི་དངོས་པོ་ཞིག་ལ་མཚོན་ན་ཟུར་ཁུག་གི་འགུལ་ཚད་ནི་གདོས་ཚད་དང་། མགྱོགས་ཚད་། འཁོར་འགུལ་གྱི་ཚངས་ཕྱེད་ཕྱོགས་ཀྱི་རིང་ཚད་བཅས་ཀྱི་བསྒྱུར་ཐོབ་ཡིན། ཟུར་ཁུག་གི་འགུལ་ཚད། = mvr
angular gyrus ཟུར་ལྡན་ཟེ་རྒྱུད། biol. A region of the inferior parietal lobe of the brain that is involved in the processing of auditory and visual input and in the comprehension of language. ཐོས་ཚོར་ཆ་འཕྲིན་དང་མཐོང་ཚོར་ཆ་འཕྲིན་དབྱེ་སེལ་བྱེད་པ་དང་འབྲེལ་བ་ཡོད་ཅིང་སྐད་ཡིག་གི་གོ་རྟོགས་དང་འབྲེལ་བ་ཡོད་པའི་གཙུག་འདབ་འོག་མའི་ཆ་ཤས་ཤིག
Angular distance ཟུར་ཁུག་རྒྱང་ཐག phys.
angle of refraction འཁྱོག་འཕྲོའི་ཟུར་ཁུག phys. Angle between a refracted ray and the normal to the surface at which it is refracted. འཁྱོག་འཕྲོའི་ངོས་ཀྱི་རྒྱུན་ཐིག་དང་འཁྱོག་འཕྲོའི་འོད་ཟེར་གཉིས་ཀྱི་དབར་དུ་གྲུབ་པའི་ཟུར་ཁུག
angle of reflection ལྡོག་འཕྲོའི་ཟུར་ཁུག phys. Angle between a reflected ray and the normal to the surface of reflection. ལྡོག་འཕྲོའི་ངོས་ཀྱི་རྒྱུན་ཐིག་དང་ལྡོག་འཕྲོའི་འོད་ཟེར་གཉིས་ཀྱི་དབར་དུ་གྲུབ་པའི་ཟུར་ཁུག