Search:
TermEnglish DefinitionTibetan Definition
angle of inclination གྱེན་གསེག་ཟུར་ཁུག phys. An angle of elevation or an angle of depression. གྱེན་ཟུར་ཞིག་གམ་ཐུར་ཟུར་ཞིག
angle of incidence ནང་འཕྲོའི་ཟུར་ཁུག phys. Angle between an incident ray and the normal to the surface of reflection. ལྡོག་འཕྲོའི་ངོས་ཀྱི་རྒྱུན་ཐིག་དང་འཕྲོ་ཟེར་གཉིས་ཀྱི་དབར་དུ་གྲུབ་པའི་ཟུར་ཁུག
angle of declination ཐུར་གསེག་ཟུར་ཁུག phys. 1. Angle at a particular point on the Earth's surface between the direction of the true or geographic North Pole and the magnetic north pole. 2.the angle made by a descending line or plane with a horizontal plane ༡ སའི་གོ་ལའི་ཕྱི་ངོས་ཀྱི་གནས་ངེས་ཅན་ཞིག་གི་སྟེང་ནས་ཚད་འཇལ་བའི་སའི་གོ་ལའི་ས་ཁམས་ཀྱི་བྱང་སྣེ་དངོས་ཀྱི་ཁ་ཕྱོགས་དང་ཁབ་ལེན་གྱི་བྱང་སྣེའི་ཁ་ཕྱོགས་གཉིས་དབར་གྱི་ཟུར་ཁུག་ལ་གོ ༢ ཐུར་དུ་གསེག་པའི་ཐིག་ཅིག་གམ་ངོས་ཤིག་གིས་འཕྲེད་ངོས་ཤིག་ལ་ལྟོས་ཏེ་གྲུབ་པའི་ཟུར་ཚད།
angiosperm སོན་སྐོགས་ཅན། སོན་སྐོགས་རྩི་ཤིང་། biol. A plant having its seeds enclosed in an ovary རང་ཉིད་ཀྱི་ས་བོན་ཟེའུ་འབྲུའི་མངལ་ཁང་ཞིག་གིས་བཏུམས་ཡོད་པའི་རྩི་ཤིང་།
angiogenesis ཁྲག་རྩ་གསར་སྐྱེ། biol. The formation of new blood vessels. ཁྲག་གི་རྩ་སྦུབས་གསར་པ་གྲུབ་པ།
Aneurysm རྩ་འབུར། biol. [ཁྲག་རྩ་འབུར་བ།]
anesthetist སྦྲིད་སྨན་སྨན་ཞབས། biol. A nurse or technician who is trained to administer anesthetics. སྦྲིད་སྨན་བཅོས་ཐབས་ལ་སྦྱོང་བརྡར་ཡོད་པའི་འཕྲུལ་ལས་མཁས་པའམ་སྨན་ཞབས་པ་ཞིག་ལ་ཟེར།
anesthetic སྦྲིད་སྨན། chem. A substance that induces insensitivity to pain. ན་ཟུག་མྱོང་ཚོར་མི་ཐུབ་པར་བཟོ་མཁན་གྱི་རྫས་ཤིག
anesthesiology སྦྲིད་སྨན་རིག་པ། biol. The branch of medicine that is concerned with anesthesia and anesthetics. སྦྲིད་པ་དང་། སྦྲིད་སྨན་ལ་འབྲེལ་བ་ཡོད་པའི་གསོ་དཔྱད་རིག་པའི་ཡན་ལག་ཅིག
anesthesiologist སྦྲིད་སྨན་སྨན་པ། biol. A physician who specializes in the administration of anesthetics during surgery, labor and delivery, or other procedures. གཤག་བཅོས་ཀྱི་སྐབས་སམ། ཕྲུ་གུ་བཙའ་བའི་སྐབས། ཡང་ན་སྨན་བཅོས་ཀྱི་རྒྱུད་རིམ་གཞན་གྱི་སྐབས་སུ་སྦྲིད་སྨན་ཚོད་འཛིན་ལ་ཆེད་མཁས་ཡིན་པའི་སྨན་པ་ཞིག
anesthesia སྦྲིད་པ། neurosci. The lack of sensation, especially awareness of pain. It may occur due to an anesthetic drug or damage to nerve tissue. ཚོར་མྱོང་ཉུང་དྲགས་པ་སྟེ། ལྷག་པར་དུ་ཟུག་རྔུའི་ཤེས་ཚོར་ཉུང་དྲགས་པ་ལ་གོ་ཞིང་། དབང་རྩའི་ཕུང་གྲུབ་ལ་བྱུང་བའི་ཆག་སྐྱོན་ནམ་སྦྲིད་སྨན་ལ་བརྟེན་ནས་འབྱུང་སྲིད་པ་ཡིན།
aneroid barometer གཤེར་མེད་རླུང་གནོན་འཇལ་ཆས། phys. Instrument used to measure atmospheric pressure; based on the movement of the lid of a metal box, rather than on the movement of a liquid. གཤེར་གཟུགས་ཀྱི་འགུལ་སྐྱོད་གཞིར་འཇོག་པའི་ཚབ་ལ་ལྕགས་སྒམ་གྱི་ཁ་གཅོད་ཀྱི་འགུལ་སྐྱོད་གཞིར་བཞག་སྟེ་རླུང་ཁམས་ཀྱི་གནོན་ཤུགས་འཇལ་བའི་ཡོ་བྱད་ཅིག
anencephaly ཀླད་སྟོང་། neurosci. A type of birth defect in which most of the brain is missing; a term literally meaning “without a brain”; more specifically, it refers to the absence of the cerebrum, cerebellum, and flat bones of the skull. ཀླད་པའི་ཆ་ཤས་ཕལ་མོ་ཆེ་མ་ཚང་བའི་སྐྱེ་དུས་ཀྱི་ཆད་སྐྱོན་གྱི་རིགས་ཤིག ཚིག་འདིའི་སྒྲ་བཤད་ནི་ “ཀླད་པ་མེད་པ་” ཞེས་པའི་དོན་ཡིན་ཞིང་། དམིགས་བཀར་གྱིས་བརྗོད་ན། ཀླད་སྟོང་ནི་ཀླད་ཆེན་དང། ཀླད་སྙིང། ཀ་ལིའི་རུས་ལེབ་བཅས་མེད་པ་ལ་གོ་བ་ཡིན། (ཀླད་པ་མེད་པས་ན་ཀླད་སྟོང་ཟེར།)
anemia ཁྲག་ཟད། (སྐྱ་རྦབ།) biol. A condition in which the blood does not carry enough oxygen to the body tissues. It can be caused by too few red blood cells, not enough hemoglobin, or poorly formed red blood cells. ཁྲག་གིས་ལུས་པོའི་ཕུང་གྲུབ་ཁག་ཏུ་འཚོ་རླུང་འདང་ངེས་ཤིག་སྐྱེལ་འདྲེན་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ལ་ཟེར། འདི་ནི་ཁྲག་དམར་ཕྲ་ཕུང་ཉུང་དྲགས་པའམ། ཁྲག་དམར་སྤྲི་རྫས་འདང་ངེས་མེད་པ། ཡང་ན་ལེགས་པར་མ་གྲུབ་པའི་ཁྲག་དམར་ཕྲ་ཕུང་ལ་བརྟེན་ནས་འབྱུང་གི་ཡོད།
Andromeda galaxy དགུ་ཚིགས་ཨན་ཌོ་མེ་ཌ། phys. A spiral galaxy, appearing to the naked eye as a fuzzy oval patch in the constellation Andromeda; it is a close neighbor to our own galaxy. མིག་རྗེན་པའི་སྣང་ངོར་སྐར་ཚོམ་ཨན་ཌོ་མེ་ཌའི་ནང་གི་སྒོང་དབྱིབས་ཀྱི་དུམ་བུ་སྤུ་ཟིང་ཟིང་ལྟ་བུར་མངོན་པའི་གཅུས་སྒྲིམ་ཅན་གྱི་དགུ་ཚིགས་ཤིག། འདི་ནི་ང་ཚོའི་དགུ་ཚིགས་ལ་ཐག་ཉེ་བའི་ཁྱིམ་མཚེས་ཤིག་ཡིན།