Search:
TermEnglish DefinitionTibetan Definition
anabolic reaction འདུ་འགྱུར་གྱི་རྫས་སྦྱོར། biol. A chemical reaction in which small molecules, such as amino acids, are combined to form larger molecules, such as proteins. ཨེ་མི་ནོ་སྐྱུར་རྫས་ལྟ་བུའི་འདུས་རྡུལ་ཆུང་ཆུང་ལྷན་དུ་འདུས་ཏེ་སྤྲི་རྫས་ལྟ་བུའི་འདུས་རྡུལ་ཆེན་པོ་འགྲུབ་པར་བྱེད་པའི་རྫས་སྦྱོར་ལ་གོ
anabolic འདུ་འགྱུར་གྱི། biol. Relating to or promoting anabolism. འདུ་འགྱུར་དང་འབྲེལ་བ་ཡོད་པའམ་འདུ་འགྱུར་སྤེལ་བའི།
amyotrophic lateral sclerosis (ALS) ཤ་གནད་ཞ་རེངས། neurosci. Degenerative nervous-system disorder causing muscle wasting and paralysis. The disease usually occurs after age 40, more often in men. Most victims die within two to five years from respiratory muscle atrophy. ཤ་སྒྲིམ་རྒུད་པ་དང། གྲིབ་སྐྱོན་སློང་བར་བྱེད་པའི་དབང་རྩ་མ་ལག་གི་ཉམས་སྐྱོན་ཞིག སྤྱིར་བཏང་ལོ་ན་ ༤༠ བརྒལ་བའི་རྗེས་སུ་གཙོ་བོ་སྐྱེས་པ་ཕོ་ལ་འབྱུང་ཞིང་། དབུགས་འབྱིན་རྔུབ་ཀྱི་ཤ་སྒྲིམ་རིད་པ་ལ་བརྟེན་ནས་ནད་པ་ཕལ་ཆེ་བ་ལོ་གཉིས་ནས་ལྔའི་ནང་དུ་འཆི་འགྲོ་བ་ཡིན།
Amylose ཨེ་མི་མངར་རྫས། biol.
Amyloplast བག་གསོག་དབང་ཕྲ། Biol. (བག་ཚི་སྐྱེད་སྐྲུན་དང་གསོག་མཁན་གྱི་དབང་ཕྲ།)
amyloid precursor protein (APP) ཨེ་མི་ལོ་ཡི་ཌི་སྔོན་བསུའི་སྤྲི་དཀར། biol. A natural brain protein that is coded for on chromosome 21. This protein is related in some way to memory. ཚོས་གཟུགས་ ༢༡ གྱི་སྟེང་དུ་བརྡ་སྒྲིག་བྱས་པའི་ཀླད་པའི་རང་བྱུང་གི་སྤྲི་རྫས་ཤིག སྤྲི་རྫས་འདི་དྲན་པ་དང་འབྲེལ་བ་ཡོད།
amyloid plaques ཨེ་མི་ལོ་ཌ་དྲེག་སྙིགས། biol. Abnormal protein coatings on nerve cells in the brain. They are found in the brains of patients with ALZHEIMER'S DISEASE and in individuals with DOWN SYNDROME. ཀླད་པའི་ནང་གི་དབང་རྩ་ཕྲ་ཕུང་གི་སྟེང་དུ་རྒྱུན་ལྡན་མིན་པའི་སྒོ་ནས་སྤྲི་རྫས་ཀྱིས་གཡོག་པ་ལ་གོ་ཞིང་། ཨལ་རྫི་མར་གྱི་ནད་ཡོད་པའི་ནད་པ་དང་ཌའུན་རྟགས་འདུས་ཡོད་པའི་གང་ཟག་གི་ཀླད་པའི་ནང་དུ་ཡོད།
amylase enzyme ཨེ་མི་སྨིན་རྫས། biol. Enzyme secreted by the salivary glands and pancreas that functions to begin the conversion of starch and glycogen into disaccharides during digestion. མཆིལ་རྨེན་དང་གཤེར་རྨེན་གྱིས་གློད་གཏོང་བྱས་ཤིང་། ཟས་འཇུ་ལེན་གྱི་སྐབས་སུ་བག་ཚི་དང་མངར་སྐྱེད་རྣམས་ཀ་ར་ཉིས་ལྡན་དུ་བརྗེ་སྒྱུར་འགོ་འཛུགས་པར་བྱེད་པའི་སྨིན་རྫས་ལ་གོ།
amygdala ཁམ་ཙིག་ཀླད་ཞོ། neurosci. An almond-shaped brain nucleus at the front of the temporal lobe. The amygdala is concerned with memory registration. རྣ་ལྟག་འདབ་མའི་མདུན་ཕྱོགས་སུ་ཁམ་འབྲས་དབྱིབས་སུ་ཡོད་པའི་ཀླད་པའི་ཚོམ་བུ་ཞིག་ལ་ཟེར། ཁམ་ཙིག་ཀླད་ཞོ་ནི་དྲན་པ་ཐོ་འགོད་བྱེད་པ་དང་འབྲེལ་བ་ཡོད།
AMU ཨེ་མུ། phys. Abbreviation for atomic mass unit. རྡུལ་ཕྲན་གྱི་གདོས་ཚད་ཀྱི་བརྩི་གཞིའི་བསྡུས་ཡིག
ampullae of Lorenzini ལོ་རན་ཛི་ནིའི་དམ་བེ། biol.
ampulla དམ་འདྲ། (དམ་བེ་འདྲ་བ།) biol. A swelling of a canal or duct, shaped like a bottle དབང་པོའི་བུ་གའམ་སྦུ་གུ་ཞིག་དམ་བེ་ཡི་དབྱིབས་སུ་མངོན་པའི་སྐྲངས་འབུར་ལ་གོ
amplitude modulation (AM) དཔངས་སྒྲིག phys. Type of modulation in which the amplitude of the carrier wave is varied above and below its normal value by an amount proportional to the amplitude of the impressed signal. སྟེང་དུ་བཀལ་བའི་བརྡ་འཕྲིན་གྱི་འདར་དཔངས་ལ་བསྟུན་ནས་འཁུར་རླབས་ཀྱི་འདར་དཔངས་དེ་རྒྱུན་ལྡན་གྱི་གྲངས་འབོར་ལས་ཆེ་ཆུང་གང་རུང་དུ་འགྱུར་བ་གཏོང་བའི་སྒྲིག་སྦྱོར་བྱེ་བྲག་ཅིག
amplitude འདར་རྒྱ། འགུལ་དཔངས། phys. For a wave or vibration, the maximum displacement on either side of the equilibrium (midpoint) position. རླབས་སམ་གཡོ་འགུལ་གྱི་དོ་མཉམ་པའི་གནས་ (དཀྱིལ་ཚེག་) ཀྱི་གཞོགས་གང་རུང་དུ་བྱུང་བའི་གནས་སྤོའི་བར་ཐག་ཆེ་ཤོས།
amplifier སྐྱེད་ཆས། phys. An electronic device for increasing the amplitude of electrical signals, used chiefly in sound reproduction. གློག་བརྡའི་འདར་དཔངས་ཇེ་མཐོ་རུ་གཏོང་བའི་གློག་ཆས་ཤིག་སྟེ། གཙོ་བོ་སྒྲ་བསྐྱར་བསྐྲུན་བྱེད་པར་སྤྱོད།