Search:
TermEnglish DefinitionTibetan Definition
accessory nerve དབང་རྩ་ཆ་ལག ཆ་ལག་དབང་རྩ། neurosci. Either of the 11th pair of cranial nerves, which convey motor impulses to the pharynx and muscles of the upper thorax, back, and shoulders. བྲང་སྟོད་དང་། རྒྱབ། དཔུང་པ་བཅས་ཀྱི་ཤ་སྒྲིམ་དང་། མཚུལ་པ་ལ་འགུལ་སྐྱོད་ཀྱི་འཕར་བརྡ་སྤྲོད་མཁན་ཐོད་རུས་དབང་རྩ་ཆ་བཅུ་གཅིག་པའི་ནང་གི་གང་རུང་ཞིག
accessory cell ཆ་ལག་ཕྲ་ཕུང་། biol. A morphologically distinct epidermal cell that is associated with guard cells. Also, subsidiary cell. གཟུགས་འགྱུར་རིག་པའི་ཐོག་ནས་བརྗོད་ན། སྒོ་སྲུང་ཕྲ་ཕུང་དང་སྦྲེལ་ནས་ཡོད་པའི་རྩི་ཤིང་གི་ཕྱི་སྐོགས་ཕྲ་ཕུང་ཁྱད་པར་བ་ཞིག་ལ་གོ་ཞིང་། ཁ་སྐོང་ཕྲ་ཕུང་ཡང་ཟེར།
Access point དྲྭ་བཀོལ་མཐུད་གནས། phys.
Acceptor levels ལེན་རྡུལ་ནུས་རིམ། phys. [གློག་རྡུལ་ལེན་མཁན་གྱི་རྡུལ་ཕྲན་གྱི་ནུས་པའི་རིམ་པ།]
Acceptor ལེན་རྡུལ། phys. [གློག་རྡུལ་ལེན་མཁན་གྱི་རྡུལ་ཕྲན།]
accelerator སྨྱུར་ཆས། phys. An apparatus for increasing the kinetic energies of charged particles, used for research in nuclear and particle physics. ཉིང་རྡུལ་དང་ཕྲ་རྡུལ་དངོས་ཁམས་ཚན་རིག་གི་ཞིབ་འཇུག་ཏུ་སྤྱོད་ཅིང་། འཁུར་ལྡན་རྡུལ་གྱི་འགུལ་སྐྱོད་ནུས་པ་ཇེ་མཐོར་སྤར་བྱེད་ཀྱི་ཡོ་ཆས་ཤིག [མྱུར་སྣོན་སྐྱེད་བྱེད་ཀྱི་ཡོ་ཆས།]
acceleration ring མྱུར་སྣོན་འཁོར་ལམ། phys.
acceleration due to gravity (g) འཐེན་ཤུགས་ལ་བརྟེན་པའི་མྱུར་སྣོན། phys. Acceleration of a freely falling object. Its value near Earth’s surface is about 9.8 m/s each second. རང་ལྷུང་གི་དངོས་པོ་ཞིག་གི་མྱུར་སྣོན། སའི་གོ་ལའི་ཕྱི་ངོས་ཀྱི་ཉེ་འགྲམ་དུ་མྱུར་སྣོན་གྱི་གྲངས་འབོར་ནི་ 9.8m/s2 ཡིན།
acceleration (a) མྱུར་སྣོན། phys. Rate at which an object’s velocity changes with time; the change in velocity may be in magnitude (speed), or direction, or both. Acceleration=change of velocity/time interval དུས་ལ་ལྟོས་ཏེ་དངོས་པོ་ཞིག་གི་མྱུར་ཚད་ལ་འགྱུར་བ་འགྲོ་བའི་ཚད། མྱུར་ཚད་ལ་ཐེབས་པའི་འགྱུར་བ་ནི་དེའི་འབོར་ཚད་ (མགྱོགས་ཚད་) དམ་ཁ་ཕྱོགས་གང་རུང་དང་། ཡང་ན་གཉིས་ཀའི་སྟེང་དུ་བྱུང་ཆོག མྱུར་སྣོན། = མྱུར་ཚད་ཀྱི་འགྱུར་བ། / དུས་ཡུན།
accelerate མྱུར་སྣོན་སྐྱེད་པ། (སྨྱུར་བ།) phys. To increase the speed of; to hasten the progress or occurrence of. མྱུར་ཚད་སྤེལ་བའམ་། འཕེལ་ཚད་དམ་འབྱུང་ཚད་མགྱོགས་སུ་གཏོང་བ།
Acanthostega ཉ་སྒལ་ཚེར་ཅན། biol.
academic studying གཞུང་ལུགས་སློབ་གཉེར།
Academic scientist གཙུག་ལག་ཚན་རིག་པ། pedagogy
Academic science གཙུག་ལག་ཚན་རིག pedagogy
AC སྤེལ་གློག phys. Abbreviation for alternating current. སྤེལ་རྒྱུག་གློག་རྒྱུན་གྱི་བསྡུས་ཡིག